ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རི་སི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་སྨི་ལི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རི་སི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་སྨི་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རི་སི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་སྨི་ལི་ལ་མཇལ་འཕྲད་གནང་།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་ཐུགས་ཁུར་འོག ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཐད་ནས་གྲུབ་འབྲས་གལ་ཆེན་མང་པོ་བླངས་ཡོད་ལ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་མཉམ་ལས་ཀྱི་རིམ་པ་མུ་མཐུད་དུ་ཇེ་མང་དུ་སོང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་དང་ཙུང་ལི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱི་ནུས་ཁུངས་འཐབ་ཇུས་མཉམ་ལས་འབྲེལ་བ་གཙིགས་འཛིན་བྱས་ནས། ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་ཁུར། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་ལྟར་མཉམ་ལས་ཀྱི་ཁྱབ་ཁོངས་དང་མཉམ་ལས་ཀྱི་ལས་གཞི་གསར་བ་གསར་གཏོད་བྱེད་པ་དང་། ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

སྨི་ལི་ཡིས་བཤད་རྒྱུར། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཡུན་རིང་དང་བརྟན་འཇགས། ཡིད་ཆེས་བཅས་ཀྱི་ནུས་ཁུངས་མཉམ་ལས་གྲོགས་པོར་བརྩིས་ཏེ། ད་ལྟའི་མཉམ་ལས་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། ཕྱོགས་གཉིས་ཀྱི་རང་བྱུང་སོལ་རླངས་དང་བཅས་པའི་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།