ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཚེས་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཚེས་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཚེས་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཚེས་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་2015ལོའི་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྤྱི་བསྡོམས་ནན་མོ་བྱས་པ་དང་། 2016ལོའི་སྤྱིའི་བྱ་བའི་བསམ་ཕྱོགས་ལ་ཞིབ་འཇུག་བྱས་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་འབྲེལ་ཡོད་ཆེད་དོན་ཇུས་གཞི་ལ་གྲོས་ཞིབ་བྱས་པ། པེ་ཅིན་སྲིད་འཛིན་གཉིས་པ་ལྟེ་གནས་འཛུགས་སྐྲུན་ཇུས་གཞི་བཀོད་པའི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་པེ་ཅིན་རྒྱལ་ས་མིན་པའི་ནུས་པ་འདོན་སྤེལ་བྱས་ནས། དཔལ་འབྱོར་སྒྲིག་གཞི་དང་བར་སྟོང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། ལེགས་བསྡུས་ཞིབ་གཉེར་གྱི་ནང་དོན་འཛོམས་པའི་འཕེལ་རྒྱས་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱས་ཏེ། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་བྱེད་ས་གསར་བ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་གསུངས། ཙུང་ལི་ལིས་ཁི་ཆང་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་བཅངས་པ་དང་། པེ་ཅིན་རྒྱལ་ས་མིན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་གཙོ་བོར་བཟུང་སྟེ། བྱ་བ་སྣ་ཚོགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པའི་ལོ་ཡིན་ལ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་དེར་མྱུར་དུ་ཡར་སྐུལ་གཏོང་བའི་གནད་འགག་གི་ལོ་ཡང་ཡིན་པས། གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་རྩ་གནད་ལག་བསྟར་བྱས་ནས། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་ས་ཁུལ་གསུམ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བཟང་བོར་འགོད་པ་དང་ལག་བསྟར་བཟང་བོ་བྱེད་དགོས་ན། ཚན་རིག་དང་ལུགས་མཐུན་སྒོས་སྤྱིའི་བྱ་བར་བཀོད་སྒྲིག་བཟང་བོ་བྱས་ནས། ས་ཁུལ་གསུམ་ལ་འཆར་འགོད་གཅིག་དང་། མཉམ་དུ་འཛུགས་སྐྲུན་བྱེད་པ། གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས་ལ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བ་ལག་བསྟར་བྱས་ནས། མང་ཚོགས་ལ་དོན་དངོས་བཟང་བོ་སྐོར་ཞིག་སྒྲུབ་དགོས་པར་མ་ཟད། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལྟར། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་གསལ་བོ་བྱས་ཏེ། བྱ་བ་སྣ་ཚོགས་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།