习近平出席中非领导人与工商界代表高层对话会暨第五届中非企业家大会闭幕式并发表重要讲话 1.jpg

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཡོ་ཧན་ནེ་སི་པའོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་པའི་ཚོགས་ཆེན་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་བསྐྲུན་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

习近平出席中非领导人与工商界代表高层对话会暨第五届中非企业家大会闭幕式并发表重要讲话 2.jpg

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཡོ་ཧན་ནེ་སི་པའོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་པའི་ཚོགས་ཆེན་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་བསྐྲུན་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

习近平出席中非领导人与工商界代表高层对话会暨第五届中非企业家大会闭幕式并发表重要讲话 3.jpg

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཡོ་ཧན་ནེ་སི་པའོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་པའི་ཚོགས་ཆེན་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་བསྐྲུན་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ས་དེའི་ཚེས་བཞི་ཉིན་ཡོ་ཧན་ནེ་སི་པའོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་པའི་ཚོགས་ཆེན་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་བསྐྲུན་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་བཟོ་ལས་ཅན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པར་ལྷག་བསམ་རྣམ་དག་སྒོས་རེ་བ་བྱེད་ཀྱིན་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་མཛའ་མཐུན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཀྱི་མ་འོང་བ་བཟང་བོ་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མ། ཀྲུང་གོ་དང་ཨ་ཧྥེ་རི་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་པ་བཅས་མི་བཞི་བརྒྱ་ལྷག་ཚོགས་ཆེན་ལ་ཞུགས། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་མཐུན་མཉམ་ལས་གཙིགས་འཛིན་བྱེད་པའི་ཐད་ནས་གྲོས་གཞི་ལྔ་བཏོན། གཅིག་ནི་གཉིས་ཕན་མཉམ་རྒྱལ་གྱི་འདྲ་མཉམ་མཉམ་ལས་རྒྱུན་འཁྱོངས་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནི་སྒོ་འབྱེད་དང་བཟོད་སྒོམ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཞན་པའི་ཁེ་ལས་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཁྲོད་ཞུགས་པར་དགའ་བསུ་བྱེད་དགོས། གསུམ་ནི་ནུས་ཤུགས་ཁ་ཕྱོགས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི་ནི་ལྷད་མེད་དང་ཐན་ཉུང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཨ་ཧྥེ་རི་ཁ་གླིང་གྱི་རྒྱལ་ཁབ་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། ལྔ་ནི་རྨང་གཞི་གཙོ་འཛིན་པའི་མཉམ་ལས་རྒྱུན་འཁྱོངས་བྱས་ནས། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇུས་འགོད་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་དེས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་དམངས་ལ་ཕན་པར་བྱེད་དུ་འཇུག་དགོས་ཟེར།

 ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོའི་སྟེང་ཁྱབ་སྒྲོག་བྱས་པའི་མཉམ་ལས་བྱེད་ཐབས་མང་པོས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་སྟོབས་ཤུགས་གསར་བ་བསྣན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བསྐྱལ་ཡོང་བའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།