1.jpg

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡོ་ཧན་ནེ་སི་པའོ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཅ་ལིར་མཇལ་འཕྲད་གནང་།

11.jpg

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡོ་ཧན་ནེ་སི་པའོ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཅ་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་བཞི་ཉིན་ཡོ་ཧན་ནེ་སི་པའོ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཅ་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནི་ཀྲེ་རི་ཡ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གཉིས་ཕན་མཉམ་ལས་ཁྱོན་ཡོངས་དང་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་ཇུས་གཞི་བཟང་བོ་འགོད་པ་དང་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་དང་དཔལ་འབྱོར་ཐད་ནས་ཕན་ཚུན་ལ་ཁ་གསབ་བྱེད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་དགོས་པར་མ་ཟད། ཕྱོགས་གཉིས་ཀྱིས་བདེ་འཇགས་དང་རྒྱལ་སྤྱིའི་མཉམ་ལས་ཇེ་དམ་དུ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དང་བཅས་པའི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཐུན་མོང་གི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར། པུའུ་ཧ་ལེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ནི་ཀྲེ་རི་ཡར་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁྱད་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་དང་རྨང་གཞིའི་སྒྲིག་ཆས་ལས་གཞིའི་ཐད་ནས་ནི་ཀྲེ་རི་ཡར་རོགས་སྐྱོར་བྱས་པས། ནི་ཀྲེ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ལ་ནུས་པ་ཧ་ཅང་གལ་ཆེན་བཏོན། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།