11.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ས་དེའི་ཚེས་བཞི་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་ལྷོ་མའི“ཀྲུང་གོའི་ལོ”ཞེས་པའི་བྱ་འགུལ་མཇུག་རྫོགས་པའི་མཛད་སྒོར་ཞུགས་ཏེ་རིག་རྩལ་འཁྲབ་སྟོན་ལ་བལྟས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ས་དེའི་ཚེས་བཞི་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་ལྷོ་མའི“ཀྲུང་གོའི་ལོ”ཞེས་པའི་བྱ་འགུལ་མཇུག་རྫོགས་པའི་མཛད་སྒོར་ཞུགས་ཏེ་རིག་རྩལ་འཁྲབ་སྟོན་ལ་བལྟས།

དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ་ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་དང་ཁོའི་ལྕམ་མོ་རྣམ་གཉིས་ཀྱི་ཕེབས་རོགས་འོག་ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་དང་མཉམ་དུ་འཁྲབ་སྟོན་ཚོགས་རར་ཕེབས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འཁྲབ་སྟོན་པ་རྣམས་ཀྱིས་མཉམ་འབྲེལ་སྒོས་འཁྲབ་སྟོན་བྱས་པའི་ཡིད་དབང་འཕྲོག་པའི་ཞབས་བྲོ་དང་ཟློས་གར། རྩལ་ངོམས་འཁྲབ་སྟོན་སོགས་ལ་གཟིགས།

དགོང་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷོ་མའི་བྱིས་པའི་མཉམ་ལེན་འཁྲབ་སྟོན་ཚོགས་པས་མཉམ་དུ་གླུ་དབྱངས་སྐོར་ཞིག་བླངས་པའི་ཁྲོད་ནས་མཇུག་རྫོགས།

 ཀྲུང་གོ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་འཁྲབ་སྟོན་པ་ཉིས་བརྒྱ་ལྷག་གིས་དགོང་ཚོགས་སྟེང་འཁྲབ་སྟོན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།