རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧེ་ཧྲན་གྱི་ཙུང་ལི་ཅིག་ཁ་ནོ་ཝེ་ཆི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཐོ་ཝེ་ཡའི་ཙུང་ལི་སི་ཐུ་ལའོ་ཡུག་མ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧེ་ཧྲན་གྱི་ཙུང་ལི་ཅིག་ཁ་ནོ་ཝེ་ཆི་དང་ལ་ཐོ་ཝེ་ཡའི་ཙུང་ལི་སི་ཐུ་ལའོ་ཡུག་མ་རྣམ་གཉིས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཧེ་ཧྲན་གྱི་ཙུང་ལི་ཅིག་ཁ་ནོ་ཝེ་ཆི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། སང་ལོ་ནི་ཀྲུང་གོ་དང་ཧེ་ཧྲན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་ཕྱོགས་དང་མཉམ་དུ་ཧེ་ཧྲན་ལྷོ་བྱང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པ་དང་། ལྕགས་ལམ་དང་མེ་ཤུགས་གློག་འདོན་ས་ཚིགས་སོགས་ལས་གཞི་དང་མཚོ་གསུམ་གྲུ་ཁ་ས་ཁུལ་གྱི་མཉམ་ལས་གྲོས་འདོན་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅིག་ཁ་ནོ་ཝེ་ཆི་ཡིས་བཤད་རྒྱུར། ཧེ་ཧྲན་ཕྱོགས་ཀྱིས་ཀྲུང་གོའི་མཉམ་ལས་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་མང་པོ་ཧུར་ཐག་སྒོས་ཧེ་ཧྲན་གྲུ་ཁ་དང་བཟོ་ལས་ས་ཁུལ་གསར་སྤེལ་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།

ལིས་ཁི་ཆང་གིས་སི་ཐུ་ལའོ་ཡུག་མ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བློ་ཐག་རྦད་ཆོད་སྒོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས་ཡོ་རོབ་གླིང་དར་རྒྱས་དང་བརྟན་འཇགས་ཡོང་བར་བྱེད་དགོས། ལ་ཐོ་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།