
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་ནང་སྲིད་དཔོན་པོ་ཞིན་ཀི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་ནི་འཛམ་གླིང་སྟེང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་གཉིས་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མཛའ་མཐུན་གཉིས་ཕན་མཉམ་ལས་སྤེལ་བ་དང་། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ལ་ཕན་བཏགས་པ་མ་ཟད། ས་ཁུལ་དང་འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ཕན་པ་ཡོད་ཟེར།
ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་སྐྱོང་སྡེ་ཁག་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་ལ་ཆ་རྐྱེན་སྐྲུན་ཏེ། མཉམ་དུ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། བདེ་འཇགས་བཅས་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།
ཞིན་ཀི་ཡིས་བསྟན་དོན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་བདེ་འཇགས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་འཛིན་བྱས་ཏེ། མཉམ་དུ་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- ཆི་ལིན་རྫོང་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་ལ་དཔྱད་འཇོག་བྱས།
- ཆི་ལེན་རྫོང་གིས་ཐེབས་རྩ་ཚོགས་པ་བཙུགས་ཏེ་བུད་མེད་དང་བྱིས་པར་བྱམས་བརྩེ་སྦྱིན་བཞིན་ཡོད།
- མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཏང་ཙུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བརྗེ་རེས་ཚོགས་འདུ་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས།