ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚེས་བཅུ་དགུ་ཉིན་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚེས་བཅུ་དགུ་ཉིན་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ང་ཚོས་དེང་སྐབས་ལ་རྐང་འཛུགས་པ་དང་མ་འོངས་པར་ཁ་ཕྱོགས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་འཕར་སྣོན་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་བཟོད་སྒོམ་རང་བཞིན་གྱི་དཔལ་འབྱོར་གསར་སྐྲུན་བྱས་ནས་སྔར་ལས་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཞེས་པ་དེ་ཡིན་ལ། ཚོགས་འདུར་ཞུགས་པའི་དཔལ་འབྱོར་དངོས་ཕུང་སོ་སོའི་མགོ་ཁྲིད་པས་དཔལ་འབྱོར་མཉམ་བསྲེས་ལ་ཤུགས་བསྣན་ནས་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བ་སོགས་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་དང་དྲ་འབྲེལ་གཏིང་ཟབ་ཏུ་སྤེལ་ནས། ཞི་བདེ་དང་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་སྲུང་སྐྱོབ་བྱེད་ངེས་ཡིན། ཀྲུང་གོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲོས་གཞི་བཏོན་པ་དེས་གསར་སྐྲུན་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ལྷད་མེད་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ལ་གོ་སྐབས་སྔར་ལས་མང་པོ་གསར་སྐྲུན་དང་བདེ་སྐྱིད་བཟང་བོ་སྐྲུན་པར་ཆོད་སེམས་དང་ཡིད་ཆེས། ནུས་པ་བཅས་ཡོད་ཟེར།

ཉིན་དེའི་ཕྱི་དྲོར་མུ་མཐུད་དུ་གྲོས་ཚོགས་བསྡུས། ཞི་ཅིན་ཕིན་གྱིས་ཡོངས་ཁྱབ་ཁེ་ཕན་དང་བཟོད་སྒོམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཡོངས་ཁྱབ་ཁེ་ཕན་དང་བཟོད་སྒོམ་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་སྣེ་ཁྲིད་བྱེད་དགོས། འདྲ་མཉམ་དང་སྒོ་འབྱེད། ཁྱོན་ཡོངས། གསར་སྐྲུན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཁྲོད་ཀྱི་ཁོངས་མིའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རོགས་རམ་བྱེད་པ་དང་དམངས་ཚིས་ལས་དོན་སྣ་ཚོགས་ལ་ཤུགས་སྣོན་དགོས། འཚོ་གནས་གནད་དོན་ཐོག་མར་ཐག་གཅོད་པ་དང་ཧུར་ཐག་སྒོས་དབུལ་ཕོངས་འགྲན་རྩོད་ལ་ཁ་གཏད་འཇལ་ནས། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན། དྲ་འབྲེལ་འཛུགས་སྐྲུན་བཅས་ཀྱི་ཐད་ནས་དབུལ་ཕོངས་མི་གྲངས་ལ་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཟེར།

དཔལ་འབྱོར་དངོས་ཕུང་སོ་སོའི་མགོ་ཁྲིད་པས་བཤད་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་དངོས་ཕུང་སོ་སོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བརྟན་འཇགས་དང་མཉམ་བསྲེས། དར་རྒྱས་བཅས་ཀྱི་ཁྱིམ་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། པེ་ཅིན་གྱི་ལམ་ཐིག་ལྟར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ལ། འཕར་སྣོན་གསར་བའི་ཡར་སྐུལ་ནུས་པ་སྔོག་འདོན་བྱས་ནས་དོ་མཉམ་དང་རྒྱུན་མཐུད་འཕར་སྣོན་མངོན་འགྱུར་བྱེད་དགོས། དཔལ་འབྱོར་དངོས་ཕུང་སོ་སོས་ཤུགས་ཚད་ཇེ་ཆེར་བཏང་སྟེ་དངུལ་ཕོངས་ཇེ་ཉུང་དང་ཡང་ན་མེད་པར་གཏོང་བ་དང་། སྤྱི་ཚོགས་དང་ལས་རིགས་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།