ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་གོ་ལིས་ཀྱིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་ཝོ་ཨར་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

ཀྲང་ཀའོ་ལིས་ཀྱིས་གསུང་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་ཁྱོན་ཡོངས་ནས་སྤེལ་ཏེ་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་ད་ལོར་གྲོས་མོལ་ཐེངས་བཞི་མཛད་དེ། གནས་བབ་གསར་བའི་འོག་གི་ནུས་ཁུངས་མཉམ་ལས་རྒྱ་བསྐྱེད་པ་དང་བཅས་པའི་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ཀྱི་ཁ་ཕྱོགས་དང་ཁྱབ་ཁོངས་གལ་ཆེན་གཏན་ལ་ཕབ། ང་ཚོས་འདས་པའི་ལོ་གཅིག་གི་ནང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་བྱ་བ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གྲོས་མཐུན་བྱུང་བའི་ནུས་ཁུངས་མཉམ་ལས་ཀྱི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། སྔར་ལས་བཟང་བོའི་སྒོ་ནས་དམིགས་ཚད་རང་བཞིན་གྱི་ནུས་ཁུངས་མཉམ་ལས་ལས་གཞི་ཧུར་ཐག་སྒོས་སྤེལ་ཏེ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སི་བར་གྱི་ཙུང་ལི་ཡི་དུས་བཅད་གྲོས་མོལ་ཐེངས་ཉི་ཤུ་བའི་འབྲེལ་ཡོད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཏི་ཝོ་ཨར་ཁི་ཝེ་ཆི་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་གི་འབྲེལ་བ་བཟང་ཞིང་། ཆབ་སྲིད་ཐད་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཡིན་པས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིངས། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལྟར། གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ལྟར་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ལ་སྔར་ལས་སྟོབས་ཤུགས་འདོན་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་གཅིག་མཐུན་གྱིས་བལྟས་ན། ཉིས་སྟོང་བཅོ་ལྔ་ལོའི་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་མུ་མཐུད་གོང་དུ་སྤེལ་ནས། གྲུབ་འབྲས་གལ་ཆེན་སྐོར་ཞིག་བླངས་པར་སྙམ། ཕྱོགས་གཉིས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་ནསདར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མཉམ་འབྲེལ་མནའ་མཐུན་འཛུགས་པའི་འབྲེལ་མཐུད་དེ་གོ་སྐབས་སུ་བརྩིས་ནས་ནུས་ཁུངས་མཉམ་ལས་འབྲེལ་མཐུད་བྱ་བར་སྐུལ་འདེད་གཏོང་དགོས་པ་དང་། ནུས་ཁུངས་མཉམ་ལས་ཀྱི་ཡུན་རིང་གི་འཆར་འགོད་བྱ་བ་བཟང་བོར་སྒྲུབ་སྟེ། ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

གྲོས་མོལ་མཛད་རྗེས། ཀྲང་ཀའོ་ལིས་དང་ཏི་ཝོ་ཨར་ཁི་ཝེ་ཆི་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཟིན་ཐོའི་སྟེང་མིང་བཀོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།