ཚེས་བཅོ་ལྔ་ཉིན། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་འཕྲད་ཐུར་ཁེ་ཨན་ཐཱ་ལིས་ཡཱ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མའོ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ། པ་ཞིའི་ཙུང་ཐུང་ལོ་སེ་ཧྥི་བཅས་མཇལ་འཕྲད་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་འཕྲད་ཚེས་བཅོ་ལྔ་ཉིན་ཐུར་ཁེ་ཨན་ཐཱ་ལིས་ཡ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མའོ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ། པ་ཞིའི་ཙུང་ཐུང་ལོ་སེ་ཧྥི་བཅས་མཇལ་འཕྲད་ལ་ཞུགས། རྒྱལ་ཁབ་ལྔ་ཡི་མགོ་ཁྲིད་མི་སྣས་གསེར་ལྡན་རྒྱལ་ཁབ་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ན་ས། མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་གོ་སྐབས་གསར་སྤེལ་བྱས་ནས་འགྲན་རྩོད་ལ་ཁ་གཏད་འཇལ་ཞེས་བའི་གསུངས་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་གསུངས་དོན། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གསར་བ་བྱུང་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་སོས་ཚད་དལ་བ་སོགས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག གསེར་ལྡན་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་རྙོག་འཛིང་དང་དཀའ་ཁག་གི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་བྱེད་ཚད་ཡོངས་ཁྱབ་ནས་ཇེ་དལ་དུ་སོང་ལ། འཕེལ་རྒྱས་ཀྱི་ལེགས་སྒྲིག་དུས་སྐབས་སུ་སླེབས་ཡོད་པས། ང་ཚོས་ཡིད་ཆེས་ཇེ་བརྟན་བཏང་ནས་མཐུན་སྦྱོར་ལ་ཤུགས་བསྣན་ན། གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་ཁོ་ཐག་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསེར་ལྡན་རྒྱལ་ཁབ་ཀྱི་ནུས་བ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པའི་ཐད་ནས་བསམ་འཆར་བཞི་བཏོན་པ་སྟེ། གཅིག་ནི་ཕན་ཡོད་ཀྱི་ཕྱི་རོལ་འཕེལ་རྒྱས་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། གཉིས་ནི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ། གསུམ་ནི་གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་བྱས་ནས། མཉམ་དུ་རྣམ་པ་གསར་བའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་དར་སྤེལ་དུ་གཏོང་བ། བཞི་ནི་མཉམ་དུ་དཔལ་འབྱོར་ལེགས་བསྒྱུར་དང་རིམ་པ་སྤོར་བ་དང་། ཡུན་རིང་འཕེལ་རྒྱས་མངོན་འགྱུར་བྱེད་པ། གསེར་ལྡན་རྒྱལ་ཁབ་ཀྱི་དཔལ་འབྱོར་གྲོགས་པོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། མཉམ་དུ་ཁེ་ཕན་མཉམ་སྤྱོད་བྱེད་པའི་རིན་ཐང་སྦྲེལ་ཐག་དང་ཚོང་ར་ཆེན་པོ་གསར་སྐྲུན་བྱེད་པ་བཅས་རེད།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་དོན། ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དེ་ཉེན་ཁར་ཁ་གཏད་འཇལ་བའི་སྒྲིག་སྲོལ་ནས་ཡུན་ཕན་བཅོས་སྐྱོང་བྱེད་པའི་སྒྲིག་སྲོལ་དུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱོགས་སོ་སོ་ཚང་མས་འགན་ཁུར་བའི་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བྱས་ནས། མཉམ་དུ་འཛམ་གླིང་ཡོངས་ཀྱི་སྤྱིའི་དགོས་མཁོ་རྒྱ་བསྐྱེད་དགོས་ཟེར།

གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་རྡུང་རྡེག་ལ་ཤུགས་སྣོན་པའི་རྒྱལ་སྤྱིའི་མཉམ་ལས་ཐད་འབད་བརྩོན་བྱེད་དགོས་པའི་གསལ་བསྒྲགས་སྤེལ། མགོ་ཁྲིད་མི་སྣས་སྒོ་འབྱེད་དང་མཐུན་སྒྲིལ། འདྲ་མཉམ། ཕན་ཚུན་རྒྱུས་ལོན་དང་བཟོད་སྒོམ་བྱེད་པ། མཉམ་ལས་མཉམ་རྒྱལ་སོགས་ཀྱི་རྩ་དོན་གྱི་མཛུབ་སྟོན་འོག་གསེར་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་བསྣན་ནས། མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་རིམ་ཐད་ནས་བསམ་འཆར་བརྗེ་རེས་དང་ལངས་ཕྱོགས་མཐུན་སྦྱོར་བྱས་པ་དང་། གསར་དར་ཚོང་རའི་དཔལ་འབྱོར་ཚོགས་པ་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། བཟོད་སྒོམ་དང་གོ་རིམ་ལྡན་པ། སྒོ་འབྱེད་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩ་རྩ་འཛུགས་ཀྱི2010ལོའི་བཅོས་བསྒྱུར་ཇུས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་དགོས། གསེར་ལྡན་རྒྱལ་ཁབ་ཀྱིས2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པའི་རྒྱུད་རིམ་ཁྲོད་ནས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་སྒྲོམ་གཞིར་ལེགས་བཅོས་བྱེད་དགོས་ཟེར། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་གཞན་པ་ཚོས། ཀྲུང་གོའི2016ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཝང་ཧུའུ་ཉིན་དང་ཝང་ཡཱང་། ལིས་ཀྲན་ཧྲུའུ། ཡཱང་ཅེ་ཁྲི། ཀྲིག་ཞའོ་ཁྲོན་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།