全国政协召开双周协商座谈会 俞正声主持.jpg

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བརྒྱད་ཉིན་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་སོ་དགུ་བ་བསྡུས་ཏེ། གཞི་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་གོ་སྐབས་དང་ཉེན་ཁར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བརྒྱད་ཉིན་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་སོ་དགུ་བ་བསྡུས་ཏེ། གཞི་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་གོ་སྐབས་དང་ཉེན་ཁར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝན་ཅན་མེན་དང་ཁྲིན་ཀྲང་ལེང་། ཧྥང་རོང་ཞང་། ཀྲང་ཏི་ཞིན་དང་དེ་མིན་ཆེད་མཁས་པ་མཱ་རོང་ཚེ་དང་ཀྲང་ཡུང་ཧྥེ་སོགས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཨུ་ཡོན་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་ཡུན་རིང་གི་འཕེལ་རྒྱས་ཐད་ནས་གཞི་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་ཞིབ་འཇུག་དང་ཁྱབ་གདལ། ལྟ་རྟོག་དོ་དམ་བཅས་ལ་བསམ་གཞིགས་གཏོང་དགོས་པའི་གྲོས་གཞི་འགའ་བཏོན། གཅིག སྤོབས་པ་ཆེན་པོས་ཞིབ་འཇུག་བྱེད་དགོས། གཉིས། ཁྱབ་གདལ་བྱ་བར་གཙིགས་འཛིན་བྱེད་དགོས། གསུམ། ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས་པ་བཅས་རེད།

ཞིང་ལས་པུའུ་ཀྱི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཚན་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ལེ་བུའུ་དང་རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐིན་ཅ་ཚེ་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཨུ་ཡོན་རྣམས་དང་བསམ་འཆར་བརྗེ་རེས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཞི་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་གནད་དོན་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་། ཨུ་ཡོན་གང་མང་གིས་བསམ་འཆར་དང་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།