ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བྱ་བའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ཁྲོད་ཀྱི་བརླན་སར་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་ལ་དམིགས་ནས་གྲོས་མོལ་དང་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བྱ་བའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ཁྲོད་ཀྱི་བརླན་སར་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་ལ་དམིགས་ནས་གྲོས་མོལ་དང་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅ་ཀྲི་པང་དང་ཞེ་རུའུ། དབྱིན་ཧུང་བཅས་དང་ཆེད་མཁས་རིག་གནས་པ་ལོས་ཀོང་ཁྲུན་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཨུ་ཡོན་རྣམས་ཀྱིས་བལྟས་ན། འབྲི་ཆུ་དཔལ་འབྱོར་ས་ཁུལ་དེ་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་ལ་ཁྱབ་ཡོད་པ་དང་། མི་གྲངས་དང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བཞི་བཅུ་ལས་བརྒལ་བས། རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེས་ཆེ་བའི་ས་ཁོངས་ནང་གི་གཅིག་རེད། འབྲི་ཆུ་དཔལ་འབྱོར་ས་ཁུལ་གྱི་བརླན་སར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་ནི་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་སྙམ་ཡོད།

ཨུ་ཡོན་ཁ་ཤས་ཀྱིས་དེའི་ཐད་ལ་གྲོས་གཞི་འདི་ལྟར་བཏོན་པ་སྟེ། གཅིག་ནི་འབྲི་ཆུ་དཔལ་འབྱོར་ས་ཁུལ་གྱི་ཆུའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས། ཚན་རིག་ལྟར་ཇུས་འགོད་དང་གཏན་འཁེལ་བྱེད་དགོས་པ་དང་། གཉིས་ནི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་སླར་གསོ་བཅས་བྱེད་པའི་ཐད་ནས་གཏན་འཁེལ་གསལ་བོ་བྱེད་དགོས།  བཞི་ནི་ཡུལ་བབ་དང་བསྟུན་ནས་ཆུའི་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དྲུག་ནི་དྲིལ་སྒྲོག་སློབ་གསོ་བྱ་བ་གཙིགས་འཛིན་བྱས་ནས། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་ཆེར་གཏོང་དགོས་པ་བཅས་རེད།

རྒྱལ་ཁབ་ནགས་ལས་ཅུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཆུ་བེད་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ་བཅས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས་ནས་ཨུ་ཡོན་རྣམས་དང་བརྗེ་རེས་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།