ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་ཞིབ་འཇུག་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཕྱོགས་སོ་སོའི་བྱ་བ་ནན་ཏན་སྒོས་བསྒྲུབ་དགོས་ལ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སུ་བཏང་ནས། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་སྤྱི་སྡོམ་གསུང་བཤད་གནང་།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་བྱ་བ་དེ་ཏང་ཡོངས་ཀྱི་བྱ་བའི་གོ་གནས་གལ་ཆེན་དུ་བཞག གནས་བབ་གསར་བའི་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་པའི་ཆེས་གཞི་རྩ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་པ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་མུ་མཐུད་ནས་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་དམངས་གཙོ་དར་སྤེལ་དང་མི་འདྲ་སར་བརྩི་འཇོག་བྱེད་པ་དང་། མཉམ་འབྲེལ་མཛའ་མཐུན་ཡོང་བར་བྱས་ནས་མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འཐབ་ཕྱོགས་གཅིག་གྱུར་བྱ་བ་ནི་ཏང་ཡོངས་ཀྱི་བྱ་ཡིན་པས་ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་བྱེད་པ་དང་ཚང་མས་མཉམ་དུ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་གོ་གནས་གལ་ཆེན་ཏུ་འཇོག་དགོས་པ་དང་། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། ཏང་ཨུ་ཡིས་གཅིག་གྱུར་སྒོས་མགོ་ཁྲིད་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་དེ་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་སོ་སོས་རང་རང་གི་འགན་འཁྲི་དང་ལེན་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུང་བཤད་གནང་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་གནས་བབ་གསར་བའི་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་དགོས་མིན་དང་འཐབ་ཕྱོགས་གཅིག་གྱུར་ཅི་འདྲ་ཞིག་དགོས་པ། དེ་མིན་ཇི་ལྟར་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་སོགས་གནད་དོན་གལ་ཆེན་ཐད་ལ་ཚན་རིག་དང་མཐུན་པར་ལན་བཏབ་ཡོད་པ་དང་དེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གོང་འཕེལ་དུ་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་དེ་ལག་བསྟར་བྱས་ནས། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་སྐུལ་འདེད་གཏོང་བ་དང་མུ་མཐུད་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་པུའུ་ཡི་པུའུ་ཀྲང་སུང་ཁྲོན་ལན་གྱིས«ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག»ལ་གསལ་བཤད་བྱས་པར་མ་ཟད། «སྲོལ་ཡིག»ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་དངོས་འབེབས་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། གནས་བབ་གསར་བའི་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།