ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཀྱི་ངེདཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་དང་། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་རོགས་ལས་འཕེལ་རྒྱས་ཇུས་གཞི་རྩ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་རྒྱུ་གཙོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཆེ་ཕྱོགས་ཀྱི་སྲིད་ཇུས་བརྟན་འཇགས་ཡིན་པ་དང་ཆུང་ཕྱོགས་ཀྱི་སྲིད་ཇུས་གང་ལ་གང་འཚམ་ཡིན་པ། སྤྱི་ཚོགས་སྲིད་ཇུས་དམངས་འདུན་དང་མཐུན་པ་བཅས་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དཔལ་འབྱོར་གནས་བབ་ཀྱི་གནོན་ཤུགས་ལ་ཧ་ཅང་མཐོང་ཆེན་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་སྟོབས་མྱུར་དུ་ཇེ་མགྱོགས་སུ་གཏོང་དགོས་ལ། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚོས་ལ་ཕན་བདེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་བྱེད་པ་དང་། བྱ་བ་བཟང་བོར་བསྒྲུབས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་དེ་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཏང་གིས་སྟོབས་ཤུགས་གཅིག་བསྡུ་དང་། དཀའ་ཁག་ཁྱད་སེལ། རྒྱལ་ཁ་བརྩོན་ལེན་བཅས་བྱེད་པའི་ལས་ཁུངས་གཙོ་བོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་གཏན་ལ་ཕབ་སྟེ། འཐབ་ཕྱོགས་གཅིག་གྱུར་གྱིས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་ཕྱི་སྒྲུབ་པའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འཁེལ་གསལ་བོ་བྱས་ཤིང་། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་ལ་ཕབ་པས། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡང་ཡིན་པས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཇེ་བརྟན་དང་རྒྱ་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་བསྟན་དོན། པེ་ཅིན་དང་ཐེན་ཅིན་ཧི་པེ་བཅས་རོགས་ལས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། འཐབ་ཇུས་ཀྱི་ལས་འགན་གཙོ་བོ་ནི་པེ་ཅིན་གྱི་རྒྱལ་ས་མིན་པའི་ནུས་པ་གོ་རིམ་ལྡན་པའི་ངང་ཞི་འཇགས་སུ་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་དང་བར་སྟོང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ལེགས་བསྡུས་ཞིབ་གཉེར་གྱི་ནང་དོན་ལྡན་པའི་འཕེལ་རྒྱས་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱེད་པ་། མི་གྲངས་དཔལ་འབྱོར་གཅིག་སྡུད་ས་ཁུལ་གསར་གཏོད་བཟང་བོ་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ནས། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། འཕར་གནས་གསར་བ་ཆགས་པར་བྱེད་རྒྱུ་དེ་ཡིན་ཟེར།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།