པར་འདི་ནི་སྣེ་ལེན་ཚོགས་འདུའི་སྟེང་ཡུས་ཀྲིན་ཧྲིན་དང་ཨོ་པིས་ཨང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་མཛའ་བཤེས་སློབ་ཆུང་གི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་ཚུལ་རེད།

པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་འབུལ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཐིག་དམར་ཀུའེ་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨོ་པིས་ཨང་གཉིས་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཡུས་ཀྲིན་ཧྲིན་གྱིས་ཞུ་ཚིག་འབུལ་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་དུ་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བར་བརྩི་འཇོག་དང་ཡིད་ཆེས་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཐེངས་འདིར་ཙུང་ཐུང་ཨོ་པིས་ཨང་ཀྲུང་གོར་འཚམས་འདྲི་ཡོང་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མགོི་གཙོས་མཉམ་དུ་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་གཉིས་ཀྱི་འབྲེལ་བ་དེ་འདྲ་མཉམ་དང་ཕན་ཚུན་བར་ཡིད་ཆེས། མཉམ་ལས་གཉིས་རྒྱལ་བཅས་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྟོབས་ཤུགས་གསར་བ་བསྣན་ཡོད་ཟེར།

ཨོ་པིས་ཨང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཐིག་དམར་ཀུའེ་ནེ་ཡ་དང་ཀྲུང་གོ་གཉིས་ནི་གྲོགས་པོ་ཡིན་ལ་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་སྤུན་ཟླ་དང་གཉེན་ཉེ་ཡང་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་ལ་རོགས་རམ་བྱེད་ཀྱིན་ཡོད། ཐིག་དམར་ཀུའེ་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོས་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

སྣེ་ལེན་ཚོགས་འདུའི་སྟེང་ཡུས་ཀྲིན་ཧྲིན་དང་ཨོ་པིས་ཨང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་མཛའ་བཤེས་སློབ་ཆུང་གི་སྒོ་བྱང་སྟེང་གི་ཡོལ་རས་བླངས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།