ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2015ལོའི་དབྱི་ཐ་ལིའི་སྨིས་ལན་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་དེ་ཟླ་ལྔ་བའི་ཚེས་གཅིག་ཉིན་ཚོགས་མགོ་བརྩམས། འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་ཀྲུང་གོ་འགྲེམ་སྟོན་ཁང་དེ་ཉིན་དེར་ཕྱི་ཕྱོགས་སུ་སྒོ་ཕྱེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བརྙན་འཕྲིན་བརྒྱུད་དེ་དགའ་བསུ་ཞུ་ཚིག་ཕུལ།

ཞི་ཅིན་ཕེན་གྱིས་དགའ་བསུ་ཞུ་ཚིག་འབུལ་སྐབས་གསུངས་རྒྱུར། ཀྲུང་གོའི་འགྲེམ་སྟོན་ཁང་ནས་ཚང་མས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཞིང་ལས་དཔལ་ཡོན་དང་སྔོན་ཐོན་ཚན་རྩལ་གྱི་གྲུབ་འབྲས། ཕུན་སུམ་ཚོགས་པའི་ཟས་རིགས་རིག་གནས་བཅས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། དེ་དག་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ཀྱི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། དེ་རྒྱལ་ཁབ་ཀྱི་བྱ་བ་མཐའ་དག་གི་གལ་ཆེན་ནང་གི་འགངས་ཆེན་ཏུ་བརྩིས་ཡོད། ཀྲུང་གོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་སོ་སོ་དང་ཞིང་ལས་ལག་རྩལ་དང་ཉམས་མྱོང་བརྗེ་རེས་བྱས་ནས། མཉམ་དུ་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་དང་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་མཇུག་མཐར་སྨིས་ལན་འཛམ་གླིང་འགྲེམ་སྟོན་ཚོགས་འདུར་ལེགས་གྲུབ་འབྱུང་བར་སྨོན་འདུན་ཞུས།

2015ལོའི་དབྱི་ཐ་ལིའི་སྨིས་ལན་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་དེ་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་བསྡུ་རྒྱུ་ཡིན་ལ། དེར་བསྡོམས་པས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་དང་ཞེ་བརྒྱད་ཞུགས་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།