ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་གཞི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་གཉིས་པ་སྤེལ། ཀྲུང་གུང་ཀྲུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་གསུངས་རྒྱུར། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གཏན་ལ་ཕབ་པའི་འཐབ་ཇུས་ལས་འགན་ཞིག་ཡིན་ལ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་ཞིང་སྡེ་དང་ཞིང་སྡེའི་དབུལ་ཕོངས་ས་ཁུལ་ཡིན་པས། ང་ཚོས་ངེས་པར་དུ་བྱ་བ་དམ་འཛིན་བྱེད་པ་དང་མ་དངུལ་མང་པོ་བཏང་སྟེ། མཁར་གྲོང་འབྲེལ་བ་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་ཐད་ལ་གྲུབ་འབྲས་ཆེན་པོ་ལེན་པར་འབད་བརྩོན་བྱེད་དགོས་ལ། ཁྱད་པར་དུ་མཁར་གྲོང་རྣམ་པ་གཉིས་ཀྱི་སྒྲིག་གཞི་མེད་པར་གཏོང་བ་དང་། མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོ་དོ་མཉམ་སྒོས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་པའི་ཐོན་ཁུངས་ཆ་སྙོམས་སྒོས་བཀོད་སྒྲིག་བྱེད་པ་བཅས་ཐད་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་བྱས་ནས། ཞིང་སྡེའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་སྣོན་པ་དང་། རྒྱ་ཆེའི་ཞིང་བ་རྣམས་འདྲ་མཉམ་སྒོས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཞུགས་སུ་འཇུག་པ་དང་། མཉམ་དུ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།

སློབ་སྦྱོང་ཚོགས་འདུའི་སྟེང་། ཀའོ་ཅིན་ལུང་དང་ཧོང་ཞིན་གོ ཀྲིག་པིན་ཧྲུན་བཅས་ཀྱིས་སོ་སོར་ཉེ་བའི་ལོ་འགའི་རིང་ལ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་གཞི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་བསྒྲུབས་པའི་བྱ་བ་གླེང་བར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཁོ་ཚོའི་གཏམ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།  

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་ཐོག་མར་ཞིང་སྡེའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། ཞིང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ལ་མངོན་གསལ་སྒོས་ཤུགས་བསྣན་ཏེ། ཞིང་སྡེའི་སྤྱི་ཚོགས་ལས་དོན་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་བ་དང་། མཁར་གྲོང་འཕེལ་རྒྱས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་མཁར་གྲོང་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་། དེ་དང་མཉམ་དུ་སྔོན་ཆད་དོམ་མང་དྲགས་པ་དང་རྨང་གཞི་ཞན་པས། རང་རྒྱལ་གྱི་མཁར་གྲོང་འཕེལ་རྒྱས་དོ་མཉམ་མིན་པ་དང་མཐུན་སྦྱོར་མིན་པའི་འགལ་བ་སྔར་བཞིན་འབུར་དུ་ཐོན་པས། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བའི་རེ་བ་སྔར་ལས་ཛ་དྲག་ཆེ་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེས་རང་རྒྱལ་གྱི་གནས་ཚུལ་གཞིར་འཛིན་པ་དང་། རང་རྒྱལ་གྱི་མཁར་གྲོང་འཕེལ་རྒྱས་དོ་མཉམ་མིན་པ་དང་མཐུན་སྦྱོར་མིན་པ། རྣམ་པ་གཉིས་ཀྱི་སྒྲིག་གཞི་བཅས་ཀྱི་དོན་དངོས་གཞིར་འཛིན་པ། རང་རྒྱལ་གྱི་རང་བྱུང་དང་ལོ་རྒྱུས་རིག་གནས་སྲོལ་རྒྱུན། ལམ་ལུགས་དང་སྒྲིག་གཞི་བཅས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཡོངས་ཁྱབ་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་དགོས་ལ། སྔ་སྲོལ་དམ་པོར་འཛིན་མི་ཆོག རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་དགོས་ལ། དེ་ཇི་མ་ཇི་བཞིན་དུ་ཚོད་ལྟ་བྱེད་མི་ཆོག བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་ཞིང་སྡེ་ཕྱོགས་གཙོ་བོར་བརྩིས་ཏེ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཇུས་འགོད་བཀོད་སྒྲིག་དང་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཐད་ནས་མཁར་གྲོང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། བཟོ་ལས་ཀྱིས་ཞིང་ལས་ལ་ཡར་སྐུལ་གཏོང་བ་དང་། གྲོང་ཁྱེར་གྱིས་ཞིང་སྡེར་སྣེ་ཁྲིད་བྱེད་པ། བཟོ་ལས་དང་ཞིང་ལས་གཉིས་ཕན་ཚུན་ལ་མཐུན་རྐྱེན་བསྐྲུན་པ། མཁར་གྲོང་གཞི་གཅིག་ཅན་དུ་བསྒྱུར་བ་བཅས་རྣམ་པ་གསར་བའི་བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་ཞིང་སྡེའི་འབྲེལ་བ་གསར་བ་ཆགས་པར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། རང་རྒྱལ་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་དང་རེ་བ་གསར་བ་དང་མཐུན་པར་བྱེད་དགོས་ན། ངེས་པར་དུ་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པར་ཤུགས་སྣོན་པ་དང་། སྒྲིག་གཞི་དང་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། བཟོ་ལས་ཀྱིས་ཞིང་ལས་ལ་ཞབས་ཕྱི་སྒྲུབ་པ་དང་གྲོང་ཁྱེར་གྱིས་ཞིང་སྡེར་རོགས་སྐྱོར་བྱེད་རྒྱུ་དེ་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་དགོས་པའི་བྱེད་ཕྱོགས་ཤིག་ཏུ་བརྩིས་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་སྐུལ་སློང་བྱས་ཏེ་ཞིང་གསུམ་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་དུ་བསྒྱུར་བའི་རྣམ་པ་གསར་བ་ཆགས་པར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།  

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལས་འགན་དེའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། མཐོ་རིམ་ནས་ཇུས་གཞི་འགོད་པར་ཤུགས་སྣོན་པ་དང་། གོ་རིམ་ལྡན་པའི་ངང་ཇུས་གཞི་འགོད་པར་ཤུགས་སྣོན་པ།  སྒྲིག་གཞི་དང་ལམ་ལུགས་གསར་སྐྲུན་བྱེད་པར་ཤུགས་སྣོན་པ་བཅས་བྱས་ནས།  དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ། གྲུབ་འབྲས་སྔར་ལས་ཆེན་པོ་བརྩོན་ལེན་བྱས་ནས། རིམ་བཞིན་ཆུ་ཚད་མཐོ་བའི་མཁར་གྲོང་གཞི་གཅིག་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་དགོས་ཟེར།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།