རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨར་ཅི་རི་ཡའི་ཙུང་ལི་ས་ལ་ལེ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨར་ཅི་རི་ཡའི་ཙུང་ལི་ས་ལ་ལེ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨར་ཅི་རི་ཡ་བར་དུ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་དེ་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སོ་སོའི་འབྲེལ་བའི་མདུན་གྲས་སུ་སྐྱོད་བཞིན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་དུ་ཀྲུང་གོས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་ཡིད་ཆེས་ཁ་གསབ་འདོན་སྤེལ་བྱེད་པ་དང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་བར་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ས་ལ་ལེ་ཡིས་བཤད་རྒྱུར། དེང་སྐབས་ཨར་ཅི་རི་ཡས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཨར་ཅི་རི་ཡའི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་ཡིན། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་དུ་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འཆར་འགོད་དངོས་འབེབས་བཟང་བོ་བྱེད་པ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། ཐོན་ལས་མཉམ་ལས་སྤེལ་ཞིང་ཞིང་ལས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཨར་ཅི་རི་ཡའི་བཟོ་ལས་ཐོན་སྐྱེད་དང་རང་བདག་འཕེལ་རྒྱས་ནུས་པ་ཇེ་ཆེར་འགྲོ་བར་རོགས་རམ་བྱེད་པར་མ་ཟད་མཉམ་དུ་ཨ་ཧྥེ་རི་ཁ་དང་ཐ་ན་རྒྱལ་སྤྱིའི་ཚོང་ར་གསར་སྤེལ་བྱེད་དགོས་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ས་ལ་ལེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་ཧྥུའུ་ཧི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།