ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།

ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་དགུ་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་གཉིས་ཀྱི་མི་དམངས་བར་སྤུན་ཟླ་ལྟ་བུའི་མཛའ་བཤེས་བརྩེ་དུང་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔའི་རིང་ལ་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་། སྲིད་ཏང་། སྤྱི་ཚོགས་ལས་རིགས་ཁང་བཅས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཨོ་པིས་ཨང་གིས་བཤད་རྒྱུར། ཐིག་དམར་ཀུའེ་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་དང་རྣམ་པ་ཀུན་དུ་ཐིག་དམར་ཀུའེ་ནེ་ཡར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོའི་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཙིགས་འཛིན་བྱེད་འདོད་ཡོད་ཟེར།

ཐུག་འཕྲད་བྱས་རྗེས། ཡུས་ཀྲིན་ཧྲིན་དང་ཨོ་པིས་ཨང་གཉིས་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་སོ་སོར་ཞུ་ཚིག་ཕུལ།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།