པར་འདི་ནི་ཀྲང་ཏི་ཅང་གིས་ཁྲུན་ཆིན་བཟོ་ཚོང་སློབ་གྲྭའི་ཚད་མཇལ་དངོས་སྦྱོང་ཡུལ་དངོས་སུ་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

པར་འདི་ནི་ཀྲང་ཏི་ཅང་གིས་ཁྲུན་ཆིན་ཝེ་ཁྲེ་རླངས་འཁོར་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་ནས་སློབ་མས་ལས་རྐང་སྦྱོང་བརྡར་བྱེད་པའི་གནས་ཚུལ་ལ་གཟིགས་པའི་ཚུལ་རེད།

པར་འདི་ནི་ཀྲང་ཏི་ཅང་གིས་ཁྲུན་ཆིན་སྨན་རྫས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་གཟིགས་ཞིབ་མཛད་པའི་ཚུལ་རེད།

པར་འདི་ནི་ཀྲང་ཏི་ཅང་གིས་ཁྲུན་ཆིན་ཧྲེ་ཕེན་པཱ་ཆུའུ་ཡི་མི་ཤུགས་ཐོན་ཁུངས་ཚོང་རའི་སྤྱི་པའི་ཞབས་ཞུའི་ཚོམས་ཆེན་ནས་གནས་ཚུལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་རིགས་སློབ་གསོ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཁྲུན་ཆིན་གྲོང་ཁྱེར་ནས་ཁྲིམས་འཛིན་ཞིབ་བཤེར་མཛད། ཀྲང་ཏི་ཅང་གིས་ལས་རིགས་སློབ་གསོ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་ན་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྟ་སྐུལ་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ལས་རིགས་སློབ་གསོ་བཅའ་ཁྲིམས་ཡང་དག་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་དེང་རབས་ལས་རིགས་སློབ་གསོ་བདེ་བླག་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཏི་ཅང་ཁྲུན་ཆིན་བཟོ་ཚོང་སློབ་གྲྭ་དང་ནུས་ཁུངས་ལས་རིགས་སློབ་གླིང་དུ་ཕེབས་ཏེ། དགེ་སློབ་རྣམས་དང་བརྩེ་བའི་གསུང་གླེང་མཛད་པ་དང་། ཆེད་ལས་བཀོད་སྒྲིག་དང་སློབ་མའི་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་རྗེས། ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། ལས་རིགས་སློས་གསོ་བྱ་བས་ངེས་པར་དུ་ཚོང་རའི་དགོས་མཁོ་དེ་ཁ་ཕྱོགས་སུ་བརྩི་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བརྩིས་ནས། སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་ཆེད་ལས་བཀོད་སྒྲིག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆུ་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཟེར། ཁྲུན་ཆིན་སྤྱི་པའི་སྐྱེལ་འདྲེན་ལས་རིགས་སློབ་གླེང་དང་ཝེ་ཁྲེ་རླངས་འཁོར་ཚད་ཡོད་ཀུང་ཟི་ནས་ཀྲང་ཏི་ཅང་དངོས་སྦྱོང་ལྟེ་གནས་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ཏེ། སློབ་མས་ལད་བཟོ་སྦྱོང་བརྡར་དང་ལས་རྐང་དངོས་སྦྱོང་བྱེད་པར་གཟིགས། ཁོང་གིས་ཁེ་ལས་ཀྱིས་ཁྲིམས་ལྟར་ལས་རིགས་སློབ་གླིང་དང་དངོས་སྦྱོང་རྟེན་གཞི་བཙུགས་ཏེ། ཐོན་སྐྱེད་དང་སློབ་ཁྲིད་གཉིས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། སློབ་གྲྭ་དང་ཁེ་ལས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་པའི་སྐུལ་མ་བཏང་།

ཞིབ་བཤེར་མཛད་སྐབས་ཀྲང་ཏི་ཅང་གིས་ཁྲུན་ཆིན་གྲོང་ཁྱེར་གྱིས་ལས་རིགས་སློབ་གསོ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཅང་ཅིན་ཆུའུ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་གསུངས་རྒྱུར། རང་རྒྱལ་གྱི་ལས་རིགས་སློབ་གསོ་དེ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་ཕན་ནུས་འདོན་སྤེལ་བྱེད་བཞིན་པའི་གནད་འགག་གི་དུས་སྐབས་སུ་སླེབ་ཡོད་པས། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ལས་རིགས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ངལ་རྩོལ་ལས་ཞུགས་ལ་ཡར་སྐུལ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལས་རིགས་སློབ་གསོ་བཅའ་ཁྲིམས་མུ་མཐུད་དུ་ལག་བསྟར་ཟབ་མོ་བྱེད་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུའི་བྱ་བ་སྣ་ཚོགས་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཁྲུན་ཆིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་སུང་ཀྲིན་ཚེ་གོང་གི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།