པར་འདི་ནི་ཡུས་ཀྲིན་ཧྲིན་ནན་ཅིན་ཀྲུང་ཏེན་དོམ་ཁྲ་རྟགས་ཅན་གྱི་ངོས་སྙོམས་འཆར་ཡོལ་ཚན་རྩལ་ཚད་ཡོད་ཀུང་ཟིར་ཕེབས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ། ལག་རྩལ་གསར་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད་དེ་མཉམ་དུ་ཐའེ་ཝན་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་བོར་གྲོས་བསྡུར་གནང་བའི་ཚུལ་རེད།

པར་འདི་ནི་ཡུས་ཀྲིན་ཧྲིན་དབྱིན་ཧྭ་ཏ་ཚན་རྩལ་ཚད་ཡོད་ཀུང་ཟིར་ཕེབས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ། ལག་རྩལ་གསར་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཡུས་ཀྲིན་ཧྲིན་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་གྱི་བཟོ་གྲྭ་དང་ཁེ་ལས། ཐོན་སྐྱེད་འཁོར་ཁང་བཅས་ལ་ཕེབས་ཏེ། ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གནས་ཚུལ་ལ་གཟིགས་ཞིབ་མཛད་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། ཁེ་ལས་པའི་འཐུས་མི་དང་མཉམ་དུ་ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱི་འཕེལ་རྒྱས་ཇུས་གཞི་ལ་གྲོས་མོལ་མཛད།

ཡུས་ཀྲིན་ཧྲིན་གྱིས་རྒྱུན་རྣམ་གསར་བའི་འོག་ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱིས་ནང་ལོག་ནས་འཕེལ་རྒྱས་གཉེར་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ཁོང་གིས་གསུངས་རྒྱུར། དེང་སྐབས་ནང་ལོག་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པས། ཐའེ་ཝན་དངུལ་གཏོང་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་སྲིད། རྒྱ་ཆེའི་ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ནང་ལོག་གི་འཕེལ་རྒྱས་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱས་ནས། རང་འགུལ་གྱིས་ནང་ལོག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། ཁེ་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བ། རང་བདག་གསར་སྐྲུན་བཅས་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་ཁེ་ལས་བཟང་བོར་བསྒྲུབ་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།

ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་མཛད་སྐབས། ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱིས་ནང་ལོག་ནས་འཕེལ་རྒྱས་གཉེར་སྐབས་ཐུག་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་ཞིབ་མོ་མཛད་པ་དང་། ཁོ་ཚོའི་ཐའེ་ཝན་དངུལ་གཏོང་ཁེ་ལས་འཕེལ་རྒྱས་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཞིབ་ཏུ་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་ནང་ལོག་གིས་ཐའེ་ཝན་དངུལ་གཏོང་ཁེ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་བསྒྱུར་མི་སྲིད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་བཞིན་ཡོད་ལ། ཐའེ་ཝན་སྤུན་ཟླར་དོན་དངོས་དང་དོན་བཟང་སྒྲུབ་པའི་སྲིད་ཇུས་དང་བྱེད་ཐབས་བསྒྱུར་མི་སྲིད། ཐའེ་ཝན་དངུལ་གཏོང་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ལ་སྔར་ལས་བཟང་བའི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

གཟིགས་ཞིབ་མཛད་སྐབས་ཡུས་ཀྲིན་ཧྲིན་གྱིས་ད་རུང་ཆོས་ལུགས་བྱ་འགུལ་སྤེལ་ས་དང་། ཆོས་ལུགས་སློབ་གླིང་འཛུགས་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པར་མ་ཟད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་ལུགས་བྱ་བ་སྒྲུབ་མཁན་དང་བཞུགས་མོལ་མཛད། ཡུས་ཀྲིན་ཧྲིན་གྱིས་ཅང་སུའུ་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་ཆོས་ལུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།