ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་རྒྱལ་དབང་ནགས་རའི་བཅོས་སྒྱུར་གྲོས་གཞི་དང་རྒྱལ་དབང་ནགས་ཁུལ་གྱི་བཅོས་སྒྱུར་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་འབྲེལ་ཏེ་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་དབང་ནགས་རའི་བཅོས་སྒྱུར་གྲོས་གཞིའི་ནང་བསྟན་དོན། ནགས་ཚལ་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གཞི་རྩ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ནགས་ཚལ་དང་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་ལས་འགན་དང་པོ་ཡིན། རྒྱལ་དབང་ནགས་ར་ནི་རང་རྒྱལ་གྱི་སྐྱེ་ཁམས་སླར་གསོ་དང་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེས་གལ་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཡིན། གཞི་ཁྱོན་ཆེ་བའི་ནགས་སྐྲུན་ལྗང་སྒྱུར་དང་ནགས་ཚལ་ཐོན་ཁུངས་བདག་གཉེར་དོ་དམ་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་སྐྱེ་ཁམས་ཕན་འབྲས་ཇེ་མཐོར་གཏོང་བ། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན། ཡིན་ནའང་དུས་ཡུན་རིང་བོར་རྒྱལ་དབང་ནགས་རའི་དོ་དམ་སྒྲིག་སྲོལ་ཆ་ཚང་མིན་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ཤུགས་ཞན་པ་སོགས་ཀྱི་དབང་གིས་ནགས་ར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་ཛ་དྲག་ཆེ་བའི་འགྲན་རྩོད་དང་འཕྲད་ཡོད། རྒྱལ་དབང་ནགས་རའི་བཅོས་སྒྱུར་དང་རྒྱལ་དབང་ནགས་ར་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ནགས་རས་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་དུ་ནུས་པ་གལ་ཆེན་འདོན་པའི་ཆེད་དུ་གྲོས་གཞི་འདི་གཏན་འཁེལ་བྱས་པ་ཡིན་ཟེར།

རྒྱལ་དབང་ནགས་ཁུལ་གྱི་བཅོས་སྒྱུར་མཛུབ་སྟོན་བསམ་འཆར་ནང་བསྟན་དོན། རྒྱལ་དབང་ནགས་ཁུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་ནགས་ཚལ་ཐོན་ཁུངས་གསོ་སྐྱོང་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག ཡིན་ནའང་དུས་ཡུན་རིང་བོར་རྒྱལ་དབང་ནགས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དེ་འདྲ་ཆ་ཚང་མིན་པ་དང་། དམངས་ཚིས་གནད་དོན་འབུར་ཐོན་ཡིན་པས། སྐྱེ་ཁམས་བདེ་འཇགས་ཀྱི་འགན་སྲུང་ནུས་པར་ཚོད་འཛིན་བྱས། རྒྱལ་དབང་ནགས་ཁུལ་གྱི་བཅོས་སྒྱུར་ཐབས་ལམ་ལ་འཚོལ་ཞིབ་བྱེད་པ་དང་རྒྱལ་དབང་ནགས་ཁུལ་གྱི་བདག་གཉེར་དོ་དམ་སྒྲིག་སྲོལ་ཆ་ཚང་དུ་གཏོང་བ། རྒྱལ་དབང་ནགས་ཁུལ་གྱི་སྐྱེ་ཁམས་ནུས་པ་དང་འཕེལ་རྒྱས་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བའི་ཆེད་དུ་བསམ་འཆར་འདི་བཏོན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།