ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་མོ་དོ་དམ་ཅུས་ཀྱི་ཚན་རིག་མཁས་པས་སྤྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཨེར་ཉི་ནོ་དོན་རྐྱེན་སླར་ཡང་ཐོན་རྒྱུུ་ཡིན་པས། 2015ལོ་འདི་གནམ་གཤིས་ཀྱི་ཟིན་ཐོ་འགོད་པའི་ལོ་རྒྱུས་བྱུང་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག

ཨེར་ཉི་ནོ་སྣང་ཚུལ་ཞེས་པ་ནི་ལོ་འགའ་ཤས་སོང་མཚམས་ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་དྲོད་རླུང་དེ་དྲོད་ཚད་ཅུང་དམའ་བའི་ཤར་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆུ་ངོས་སུ་ལྡང་ཞིང་། དྲོད་རླུང་དེ་ལྡང་བའི་རྐྱེན་གྱིས་དྲོད་རླུང་གི་སྟེང་ངོས་ཀྱི་མཁའ་རླུང་གི་དྲོད་ཚད་མཐོ་རུ་འགྲོ་བ་དང་། དེ་རྗེས་མཁའ་རླུང་གི་གནོན་ཤུགས་ལ་འགྱུར་བ་འགྲོ་བ་དང་དུས་རླུང་གི་ཤུགས་ཚད་ཆུང་དུ་འགྲོ་བའམ། ཡང་ན་དུས་རླུང་གི་ཁ་ཕྱོགས་ཡོངས་སུ་འགྱུར་བའི་སྣང་ཚུལ་ཐོན་པ་ལ་ཟེར། ཞི་བདེ་རྒྱ་མཚོ་ཆེན་མོར་ཐོན་པའི་འགྱུར་ལྡོག་དེ་དག་གིས་རྐྱེན་པས་གནམ་གཤིས་ཀྱི་ཆོས་ཉིད་ལ་འགྱུར་བ་ཆེན་པོ་འགྲོ་བ་དང་། སྣང་ཚུལ་དེས་རྐྱེན་པས་རང་བྱུང་གནོད་འཚེ་ཚབས་ཆེན་པོ་ཐོན་གྱི་ཡོད།

ཨེར་ཉི་ནོ་ཡི་སྣང་ཚུལ་དེ་ལོ་གསུམ་ནས་བདུན་བར་ཐེངས་རེ་ཐོན་པ་དང་། ལོ་བརྒྱ་ལྷག་ཙམ་ནང་ཐེངས་བཅུ་བདུན་ཐོན་ཡོད། 1972ལོ་ནས1973ལོ་བར་དང་། 1997ལོ་ནས་1998ལོའི་བར་སྣང་ཚུལ་དེ་ཚབས་ཆེ་ཤོས་ཐོན། རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་ཆེད་མཁས་ཀྲའུ་པིང་གིས། ཨེར་ཉི་ནོའི་སྣང་ཚུལ་ཐོན་པའི་ལོ་གཉིས་པ་དེར་འབྲི་ཆུའི་རྒྱུད་ཀྱི་ཆར་ཆུ་འབབ་ཚད་དེ་སྤྱི་ཟླ་དྲུག་པ་བདུན་པའི་ནང་མངོན་གསལ་དོད་པོས་མང་དུ་འགྲོ་ཡི་ཡོད།1998ལོའི་ཞོད་སྐྱོན་དང་ཆུ་ལོག་གི་གནོད་འཚེ་དེ་ནི་དེའི་དཔེ་མཚོན་ཞིག་རེད། གང་དེ་ཨེར་ཉི་ནོའི་སྣང་ཚུལ་ཐོན་པའི་ལོ་གཉིས་པ་དེར་རེད་ཅེས་གསུངས་འདུག

ནན་ཅིང་ཆ་འཕྲིན་ལས་གྲྭའི་སློབ་ཆེན་ས་སྣེའི་གནམ་གཤིས་མ་ལག་དང་འཛམ་གླིང་ཧྲིལ་པོའི་འགྱུར་ལྡོག་ཚོད་ལྟ་ཁང་གི་འགོ་འཛིན་ཝང་ཧྲའོ་མིང་གིས་གལ་སྲིད་ད་ལོ་སྣང་ཚུལ་དེ་ཐོན་པའི་དབང་དུ་བཏང་ནའང་གནམ་གཤིས་ཐད་འགྱུར་ལྡོག་ཆེན་པོ་འབྱུང་མི་སྲིད་པའི་ངོས་འཛིན་གནང་འདུག  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།