ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས16ཉིན་ར་སྤྲོད་གནང་བར། འབར་མའི་ཕྱོགས་ནས་སྤྱི་ཚེས15ཉིན་ལས་དོན་ཚོགས་ཆུང་ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་དུ་མངགས་གཏོང་བྱས་པ་དང་། ཀྲུང་གོ་དང་མཉམ་དུ་འབར་མའི་དམག་སྤྱོད་གནམ་གྲུའི་འབར་གཏོར་ནང་ཀྲུང་གོའི་མཐའ་མཚམས་ཡུལ་མི་ཤི་རྨས་བཟོས་པའི་དོན་རྐྱེན་ཐད་བརྟག་དཔྱད་བྱས་ཡོད་པ་རེད། ཧུང་ལེས་ཕྱི་འབྲེལ་པུའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག ཀྲུང་གོའི་ཕྱོགས་ནས་ཐབས་ལམ་མི་འདྲ་བའི་ཐོག་ནས་འབར་མ་དང་འབྲེལ་གཏུག་ནན་པོ་བྱས་པ་དང་། འབར་མའི་ཕྱོགས་ནས་ཀྲུང་གོར། དོན་རྐྱེན་དེས་ཀྲུང་གོའི་མི་སྣ་ཤི་རྨས་བཟོས་པའི་ཐད་སྐྱོ་གདུང་བྱེད་པ་དང་། བརྟག་དཔྱད་ནན་ཏན་བྱ་རྒྱུ་དང་འབྲེལ་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་ཅེས་དང་།ཁོང་གིས་འབར་མའི་བྱང་རྒྱུད་ཀྱི་ཀོ་ཀན་ས་ཁུལ་གྱི་གདོང་ཐུག་དེ་ཟླ་གཅིག་ལྷག་རྒྱུན་མཐུད་བྱས་པ་དང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཀྲུང་གོས་སླར་ཡང་གདོང་ཐུག་འབྲེལ་ཡོད་ཕྱོགས་ནས་ཀྲུང་གོའི་དོ་ཁུར་བྱ་ཡུལ་ལ་ལྟ་སྟངས་ནན་པོ་འཛིན་དགོས་པ་དང་། བཟོད་སྒོམ་ཏན་ཏིག་བྱས་ཏེ། གང་མགྱོགས་གདོང་ཐུག་གི་རྣམ་པ་ཞོད་འཇགས་དང་མཐའ་མཚམས་ས་ཁུལ་གྱི་རྒྱུན་གཏན་སྒྲིག་སྲོལ་སླར་གསོ་བྱེད་དགོས་པའི་སྐུལ་མ་བྱས་ཡོད་ཅེས་གསུངས་འདུག  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།