ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་བཅུ་གཉིས་ཉིན་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་བཅུ་གཉིས་ཉིན་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུངས་རྒྱུར། འབྱོར་ཕྱུག་དང་དཔལ་ཡོན་ལ་རེ་སྙེག་བྱེད་པ་ནི་མིའི་རིགས་འཕེལ་རྒྱས་ཀྱི་འགྱུར་མེད་སྒུལ་ཤུགས་ཡིན་པ་དང་། ང་ཚོ་ཏང་གིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ནང་དོན་ནི་མི་དམངས་ཀྱི་དངོས་རྫས་དང་རིག་གནས་དགོས་མཁོ་སྐོང་རྒྱུ་དེ་ཡིན། ཏང་དང་མང་ཚོགས་འབྲེལ་འདྲིས་དམ་པོ་བྱེད་རྒྱུ་སྲུང་འཛིན་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོས་ཆ་རྐྱེན་ཡིན་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྲོལ་བཟང་དང་སྤྱོད་བཟང་མི་བརྗེད་པར་བློ་སེམས་རྩེ་གཅིག་སྒོས་མི་དམངས་ལ་ཞབས་ཕྱི་བསྒྲུབ་པའི་དམིགས་འབེན་བརྩི་སྲུང་བྱེད་པ་དང་། མང་ཚོགས་ནམ་ཡང་གོ་གནས་གལ་ཆེན་དུ་འཇོག་དགོས། སྤྱོད་ངན་བཞི་ཡོ་བསྲང་བྱེད་པ་ནི་ཕམ་མི་རུང་བའི་འཐབ་རྩོད་ཅིག་ཡིན་ལ། སྤྱོད་ཚུལ་ལེགས་སྒྱུར་བྱེད་ན་ངེས་པར་དུ་གྲུབ་འབྲས་མངོན་གསལ་ཐོབ་པར་བྱེད་དགོས་པ་དང་། རྒྱུན་འཁྱོངས་ཁྲོད་དུ་ཟབ་སྤེལ་བྱེད་དགོས་ལ། ཟབ་སྤེལ་ཁྲོད་ནས་རྒྱུན་འཁྱོངས་བྱས་ཏེ། སྲོལ་བཟང་དར་སྤེལ་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།