ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཡིག་ལ་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བ་ཞེས་པའི་ཆེད་དོན་འཆད་ཁྲིད་ཐེངས་བཅོ་ལྔ་བ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚོ་ཝེ་ཀྲིག་གིས་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་གཞི་རྩའི་གནས་ཚུལ་དང་ནུས་པ་གལ་ཆེན། ཁྱད་ཆོས་དང་ཁྱད་སྟོབས། དོ་དམ་བྱ་བ། བསམ་གཞིགས་དང་མྱོར་ཚོར་བཅས་ཕྱོགས་ལྔའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་གནས་ཚུལ་གཙོ་བོ་མཚམས་སྦྱོར་བྱས།

ཚོ་ཝེ་ཀྲིག་གིས་བཤད་རྒྱུར། དུས་དང་རྣམ་པ་ཀུན་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་རྩ་བའི་ཁག་ཐེག་ཡིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་གི་གཞི་འཛིན་ས་དང་རྩ་བའི་ཁ་ཕྱོགས་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་ཁྱད་སྟོབས་འདོན་སྤེལ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཡོངས་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བྱ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།