ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས28ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིར་སྐུལ་འདེད་གཏོང་རྒྱུར་དཔྱད་པའི་སྐོར་ཁག་བཞི་བཏོན་ཡོད་པ་དང་། འགོ་བརྗོད་ནི་ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་ལ་སླེབས་ཐུབ་པ་བྱུང་བ་ཞེས་པ་དེ་ཡིན་པ་རེད། རྩོམ་ཡིག་ནང་། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་30ལྷག་སོང་བའི་རྒྱུད་རིམ་ཁྲོད་ཡིན་ནའང་འདྲ། ཡང་ན་ཀྲུང་གོའི་དེང་རབས་ཅན་གྱི་ལོ་བརྒྱའི་རྒྱང་སྐྱོད་ལམ་བུའི་ཐོག་གམ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་འཕེལ་རིམ་ཁྲོད་ཡིན་ནའང་འདྲ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བྱེད་ཐབས་ཀྱིས་འཚོལ་ཞིབ་གསར་པ་ཞིག་མཚོན་གྱི་ཡོད། གལ་ཏེ་རྒྱལ་ཁབ་སྐྱོང་རྒྱུ་དེ་དཔེ་དེབ་ཆེན་པོ་ཞིག་ལ་དཔེ་བཞག་ན། ཁྲིམས་སྐྱོང་ནི་དེབ་དེའི་ནང་དོན་མདོར་བསྡུས་ཡིན་པ་དང་། གཙོ་བོ་བཟུང་ན་ཡན་ལག་རང་ཤུགས་སུ་ཐོན་ཐུབ་ཀྱི་ཡོད། བཅོས་སྐྱོང་མ་ལག་ནང་། ཁྲིམས་སྐྱོང་མ་ལག་དེ་འགག་རྩའི་ལྷུ་ཚིགས་ཤིག་ལ་གྱུར་ཡོད་པ་དང་། བཅོས་སྐྱོང་ནུས་པའི་ནང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་གལ་ཆེའི་ནང་དོན་ལ་གྱུར་ཡོད་པས། ཁྲིམས་སྐྱོང་གི་ཁྲིད་སྟོན་དང་ཚད་ལྡན་གྱིས་རང་རྒྱལ་སྤྱི་ཚོགས་དེ་འཕོ་འགྱུར་གཏིང་ཟབ་འགྲོ་བའི་ནང་གསོན་ཤུགས་རྒྱས་པ་དང་གོ་རིམ་ལྡན་པ་ཡོང་བའི་འགན་སྲུང་བྱེད་ཐུབ། ཁྲིམས་སྐྱོང་ལ་ངོས་འཛིན་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དེ་ནི་སྲིད་འཛིན་ཏང་གིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རང་ངོས་ལས་རྣམ་པར་རྒྱལ་བ་དང་རང་གི་ཆུ་ཚད་མཐོ་རུ་གཏོང་བ་ཞིག་ཡིན་ཞེས་བཀོད་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།