ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཟླ་གཉིས་པའི་ཚེས་ཉེར་བདུན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུང་གོ་རྐང་རྩེད་སྤོ་ལོའི་བཅོས་སྒྱུར་གྱི་སྤྱིའི་གྲོས་གཞི་དང་མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པ་དང་གྱོད་གཞི་ཐག་གཅོད་པར་བར་ཆད་བཟོ་བའི་ཟིན་ཐོ། ཁྱབ་སྒྲོག་དང་འགན་འཁྲི་རྩད་གཅོད་པའི་སྐོར་གྱི་གཏན་ཁེལ། མི་དམངས་ལྟ་རྟོག་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གྲོས་གཞི། ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་དང་བུ་མོ་བཅས་ཀྱིས་ཚོང་གཉེར་ཁེ་ལས་དོ་དམ་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་ཀྲུང་གོའི་ལུས་རྩལ་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་གཉིས་ཀར་འབྲེལ་བ་དམ་པོ་ཡོད། རྐང་རྩེད་སྤོ་ལོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ལུས་རྩལ་སྟོབས་ལྡན་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་རེ་སྒུག་བྱེད་པའི་འདོད་བློ་ཡང་ཡིན་པས། རྐང་རྩེད་སྤོ་ལོ་འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ལ་བར་ཆད་བཟོ་བའི་གེགས་རྐྱེན་སྣ་ཚོགས་བསལ་ཏེ་རྐང་རྩེད་སྤོ་ལོ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་བཟང་བོའི་སྒྲིག་སྲོལ་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པ་དང་གྱོད་གཞི་ཐག་གཅོད་པར་བར་ཆད་བཟོ་བའི་ཟིན་ཐོ། ཁྱབ་སྒྲོག་དང་འགན་འཁྲི་རྩད་གཅོད་པའི་ལམ་ལུགས་བཙུགས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བཏོན་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ཕྱོགས་སུ་འགན་འཁྲི་ལྗིད་མོ་འཁུར་ཡོད་པས། ཁྲིམས་དང་འགལ་ཏེ་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་མི་བྱེད་པ་དང་གྱོད་གཞི་ཐག་གཅོད་པར་བར་ཆད་མི་བཟོ་བ། ཁྲིམས་འཛིན་ལས་ཁུངས་ཀྱི་བྱ་བར་ཐེ་གཏོགས་མི་བྱེད་པར་ཁྲིམས་འཛིན་ལས་ཁུངས་ཀྱིས་རང་རྐྱ་འཕེར་བའི་སྒོ་ནས་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྒྲུབ་པ་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་ལྟར། ཀྲུང་དབྱང་འབྲེལ་ཡོད་ཕྱོགས་ཀྱིས་མགོ་ཁྲིད་ལས་བྱེད་པའི་ཁྱིམ་མི་ཡིས་ཚོང་གཉེར་ཁེ་ལས་སྒྲུབ་པ་དང་གཞུང་འགན་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བའི་ཕྱོགས་ཀྱི་གཏན་ཁེལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།