ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ལོའི་ལོ་སར་སྔོན་གྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནང་སོག་དམག་ཁུལ་གྱི་མཐའ་སྲུང་མདའ་ཤོག་ག་གེ་མོའི་དཔོན་དམག་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་ཁྱོན་ཡོངས་ནས་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དེ་དམག་དཔུང་དང་མཐའ་སྲུང་ས་ཁུལ་ནས་རྐང་ཚུགས་པར་སྐུལ་འདེད་བཏང་ནས། མེས་རྒྱལ་གྱི་བྱང་ཕྱོགས་མཐའ་འཚམས་ཀྱི་ཞི་བདེ་གཏན་འཇགས་ཐད་ལ་སྲ་ཞིང་བརྟན་པའི་ནུས་པ་གལ་ཆེན་བཏོན་པར་བསྟོད་བསྔགས་བྱས་པར་མ་ཟད། རྒྱ་ཆེའི་དཔོན་དམག་ཡོངས་ལ་ལོ་གསར་བའི་སྨོན་འདུན་ཞུས།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གཞི་རིམ་དམག་དཔུང་གི་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་འཐབ་ཕྱོགས་དང་པོར་ཡོད་པའི་དཔོན་དམག་གི་བདེ་སྡུག་དེ་ནམ་ཡང་སེམས་སུ་བཟུང་ཡོད། ཉིས་སྟོང་བཅུ་བཞི་ལོའི་ལོ་སར་གྱི་སྔོན་ལ་ཁོང་གིས་དྲོད་གྲངས་གོར་ཐིག་མན་གྱི་སུམ་ཅུར་སླེབས་པའི་གྲང་ངར་གདོང་གིས་བསུས་ཏེ། ནང་སོག་དམག་ཁུལ་གྱི་མཐའ་སྲུང་མདའ་ཤོག་ག་གེ་མོར་ཕེབས་ནས་མཐའ་སྲུང་དཔོན་དམག་རྣམས་ཀྱི་འཚོ་བ་དང་ཁོ་ཚོས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིག་འབེན་ལ་སློབ་སྦྱོང་གཏིང་ཟབ་བྱས་པའི་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས་པར་མ་ཟད། གཞི་རིམ་གྱི་དཔོན་དམག་ཚོ་དང་མཉམ་དུ་ཕན་ཚུན་གྱི་བརྩེ་བ་གཅིག་ཏུ་འདྲེས་པར་བྱས་ནས་ཆེས་བརྗེད་པར་དཀའ་བའི་དྲན་ཤིང་ཟབ་མོ་བཞག ཉེ་སྔོན་གནས་དེའི་མཐའ་སྲུང་དཔོན་དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་ཁོ་ཚོའི་བརྩེ་སེམས་མཚོན་པའི་འཕྲིན་ཡིག་ཞིག་བསྐུར་ཏེ། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་སློབ་སྟོན་བརྩི་སྲུང་བྱས་ནས་ཁོ་ཚོར་བཅངས་པའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།