ཟླ2པའི་ཚེས11ཉིན། ཉིས་སྟོང་བཅོ་ལྔ་ལོའི་དམག་དམངས་ཀྱིས་ལུགས་རྙིང་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་པེ་ཅིན་ནས་བསྡུས། ཚོགས་འདུའི་སྔོན་ལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མིག་དཔེའི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅོ་ལྔ་ལོའི་དམག་དམངས་ཀྱིས་ལུགས་རྙིང་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མིག་དཔེའི་འཐུས་མི་དང་། རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི། པེ་ཅིན་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་མི་བཅས་དང་དགའ་སྤྲོའི་ངང་འཛོམས་ནས། དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མཛེས་སྡུག་གི་མདུན་ལྗོངས་གླེང་།

ཇ་སྟོན་ཚོགས་འདུའི་སྔོན་ལ། ཞི་ཅིན་ཕེན་སོགས་ཀྱིས་ཇ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་མིག་དཔེའི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་པར་བླངས་ཏེ་དྲན་རྟེན་དུ་བཞག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཇ་སྟོན་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། མེས་རྒྱལ་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ། དམག་དཔུང་གི་ལས་བཟོ་བ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་། རྨས་ཕོག་པ་དང་དབང་བོ་སྐྱོན་ཅན་གྱི་དམག་མི། ལས་གནས་སྤར་བ་དང་དམག་དཔུང་ལས་བུད་པའི་དམག་མི། དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་ལ་བརྩེ་བའི་ཁམས་འདྲི་ཞུས་ཤིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱ་ཆེའི་ལས་བྱེད་པ་དང་རིགས་སོ་སོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྔར་ལས་ཇེ་དམ་དུ་སོང་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྟོབས་ཤུགས་སྔར་ལས་གསལ་བོར་མངོན། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དམག་དམངས་དུང་ཕྱུར་ལྷག་རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་བ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཆེས་ཆེར་ཇེ་མཐོར་བཏང་ལ། དཔུང་བ་མཉམ་གཤིབ་ཀྱིས་རང་བྱུང་གནོད་འཚེ་ཆེན་པོར་ཁ་གཏད་འཇལ་ཞིང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་ལ་སྟོབས་དང་ལྡན་པིའ་སྲུང་སྐྱོབ་བྱས་པ་དང་། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་མཐའ་གཅིག་ཏུ་ཆམ་ཕབ་བཏང་ཞིང་། སེམས་ཤུགས་གཅིག་མཐུན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱས་ཏེ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལོ་རྒྱུས་གསར་བ་བྲིས་ཟེར།

ཀྲང་ཀའོ་ལིས་ཀྱིས་ལོ་གསར་བའི་ནང་དུ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བས་གནས་བབ་གསར་བར་བསྟུན་ནས་རང་འགུལ་གྱིས་གྲུབ་འབྲས་གསར་བ་ལེན་དགོས་ཞེས་ནན་གྱིས་བསྟན།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།