ཟླ་དང་པོའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་མཐོ་རིམ་དཔལ་འབྱོར་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་སོ་ཧྥེ་ཨན་ལ་མཇལ་འཕྲད་གནང་།

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་མཐོ་རིམ་དཔལ་འབྱོར་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་སོ་ཧྥེ་ཨན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་མཐོ་རིམ་དཔལ་འབྱོར་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། དཔལ་འབྱོར་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་སོ་ཧྥེ་ཨན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་གང་ལེགས་མཛད། ཁོང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་གསར་དར་དཔལ་འབྱོར་ཚོགས་པ་དང་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། མཐོ་རིམ་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་ཨེ་ཤ་ཡའི་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་ལ། རྒྱལ་ཁབ་གཉིས་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན་པར་ཕན་པ་ཡོད་ཅེས་ནན་གྱིས་གསུངས།སོ་ཧྥེ་ཨན་གྱིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡའི་སྐབས་གསར་བའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡར་མ་དངུལ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུས་པ་ཡིན། ཧིན་རྡུ་ཉི་ཞི་ཡ་ཡིས་ཀྲུང་གོའི་ལག་རྩལ་དང་སྒྲིག་ཆས་ལ་ཡིད་ཆེས་བྱས་པ་ཡིན་ལ། དེས་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་ལ་རོགས་རམ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།