ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་ཀྲུང་ནན་ཧེ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཚོགས་ཐོག་ནས་འཐུས་མི་བཅུས་འདས་པའི་ལོ་གཅིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་འབྲེལ་ཡོད་ནང་དོན་ལ་དམིགས་ནས་རང་རང་གི་ལྟ་ཚུལ་བརྗོད་པ་དང་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་གཞུང་གི་བྱ་བ་ཡོད་ཚད་མི་དམངས་ཀྱི་དོན་དུ་སྒྲུབ་དགོས། དེ་རིང་ཚང་མས་བཏོན་པའི་བསམ་འཆར་དེ་དག་ནི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཕྱོགས་ཡོངས་དང་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་མཚོན་པར་བྱེད་རྒྱུའི་ཆེད་ཡིན་ལ། གཞི་རིམ་དང་མང་ཚོགས་དང་དམ་དུ་སྦྲེལ་བ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་དེ་སྲིད་གཞུང་གི་ཇུས་འགོད་གྲོས་གཞི་ཤིག་ཏུ་བསྒྱུར་བ་དང་། མང་ཚོགས་ཀྱི་རེ་འདུན་དེ་སྲིད་གཞུང་གི་བྱ་སྤྱོད་དངོས་སུ་བསྒྱུར་རྒྱུ་དེ་ཡིན་ཟེར།

ཚོགས་ཐོག་ནས་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཞུའུ་ཉིན་ཧྲིན་གྱིས་སློབ་གསོའི་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་པ་དང་། བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲང་རའོ་ཞེའོ་ཡིས་རིག་གནས་གསར་སྐྲུན་དང་རིག་གཞུང་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན།

ཧི་ནན་ཀྲིག་ཁུག་ཐེན་ཧྭ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལིག་ཐེན་ཧྭ་ཡིས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། འབྲུ་རིགས་བདེ་འཇགས་ནི་ང་ཚོའི་རྨང་གཞི་ཡིན་པས། བཅོས་བསྒྱུར་གསར་སྐྲུན་བྱེད་རྒྱུ་སྒུལ་ཤུགས་ཤིག་ཏུ་བརྩིས་ནས། ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཡར་སྐུལ་གཏོང་བ་དང་། རྣམ་པ་གསར་བའི་ཞིང་བ་མྱུར་དུ་སྐྱེད་སྲིང་བྱས་ཏེ། ཞིང་ལས་དེང་རབས་ཅན་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཧ་ཅང་གལ་ཆེན་ཡིན་ལ། དེ་ལས་མང་ཚོགས་ཀྱི་རེ་འདུན་ཡང་མཚོན་པར་བྱས་ཡོད་པས།  ང་ཚོས་མང་ཚོགས་ཀྱི་རེ་འདུན་དེ་སྲིད་སྐྱོང་ཁ་ཕྱོགས་སུ་བརྩིས་ནས། རྒྱལ་ཁབ་ཀྱི་དོན་དག་སྔར་ལས་བཟང་བོར་སྒྲུབ་པ་དང་། མི་དམངས་མང་ཚོགས་རྣམས་འཚོ་བ་སྔར་ལས་བཟང་བོ་ཞིག་རོལ་བར་འབད་བརྩོན་བྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་ཡང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་བཅས་གྲོས་ཚོགས་སུ་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།