ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀན་སུའུ་ནི་དར་གོས་ལམ་བུ་གསར་པའི་དཔལ་འབྱོར་ཁུལ་གྱི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་དར་སའི་གལ་ཆེའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། ད་ལོའི་ཟླ་དང་པོའི་བར་ཏུན་ཧོང་ཞིབ་འཇུག་ཁང་གི་འགོ་འཛིན་གྱི་འགན་འཁུར་བའི་ཧྥན་ཅིན་ཧྲེ་ཡིས་དུས་རབས་ཕྱེད་ཁ་ལྷག་མོ་ཀའོ་ཁུའུ་བྲག་ཕུག་སྲུང་བ་དང་། ད་ཆ། སླར་ཡང་གྲངས་གཞིའི་ཏུན་ཧོང་ཞིག་འཛམ་གླིང་ཐོག་ཁྱབ་སྤེལ་བཏང་བ་རེད།

གྲངས་གཞིའི་ཏུན་ཧོང་གིས་ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་ལྡན་པའི་ས་ཆ་དེར་མོ་ཀའོ་ཁུའུ་བྲག་ཕུག་ཙམ་མིན་པར། ངོས་གསུམ་མཐོང་བའི་ཡུལ་ལྗོངས་ཀྱི་འཆར་སྣང་ཡུལ་སྐོར་དེས་ཏུན་ཧོང་གི་ལོ་རྒྱུས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་ཤིག་སྒུལ་བདེའི་དྲ་བ་བརྒྱུད་འཛམ་གླིང་ཡོངས་ཀྱི་དྲ་བ་བལྟ་མཁན་གྱི་མིག་ལམ་དུ་དྲངས་ཡོད་ལ། ཡུལ་སྐོར་བ་སྔར་བས་མང་བ་ཏུན་ཧོང་ལ་ཡོང་རྒྱུར་ཡིད་འགུག་ཐུབ་ཡོད་པ་རེད།

ད་ཆ། ཏུན་ཧོང་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་དང་དར་གོས་ལམ་བུའི་འགྲེམ་སྟོན་ལྟེ་གནས། ཐང་རྒྱལ་རབས་ཀྱི་རིག་གནས་མཛེས་རིས་ཁང་། རི་མོ་མཁས་པའི་གྲོང་ཚོ་སོགས་རྣམ་གྲངས་བསྐྲུན་བཞིན་ཡོད་པ་དང་། ཆུའི་ཐོན་ཁུངས་དཀོན་པ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་སོགས་ཀྱི་ཞན་ཆ་ཁྱད་བསད་བྱས་ཏེ། རིག་གནས་ཀྱིས་གཙོ་བོ་བྱས་པའི་ཐོན་ལས་གསུམ་པ་ཞིག་ཏུན་ཧོང་གི་ས་ཁོངས་དཔལ་འབྱོར་གསར་པའི་ཀ་རྟེན་དུ་འགྱུར་བཞིན་ཡོད་པ་རེད།

ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཀྲང་ལན་ཅིས། ལམ་གཅིག་དང་ཁུལ་གཅིག་གིས་སྤྱི་ལེ་7000ལྷག་ཙམ་ཡོད་པའི་ལམ་བུའི་ཐོག ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཤོས་དང་། སྲོག་ཤིང་ལྟ་བུའི་ས་ཁུལ་ནི་ཏུན་ཧོང་ས་ཁུལ་དེ་ཡིན་པས། སེམས་ནུས་གཅིག་སྒྲིལ་གྱིས་རིག་གནས་བརྗོད་གཞི་དང་། རིག་གནས་ཁྱད་ཆོས། རིག་གནས་གླེང་སྟེགས། རིག་གནས་ཉོ་ཚོང་། རིག་གནས་སྤེལ་རེས་བཅས་བསྐྲུན་དགོས་པ་དང་། རིག་གནས་ཀྱི་ཚོང་རྟགས་གཏོད་ནས། དར་གོས་ལམ་བུའི་ནུབ་ཕྱོགས་ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱོགས་པའི་རིག་གནས་འཐབ་ཇུས་སྤེལ་རེས་སྟེགས་བུ་ཞིག་ཆགས་པ་བྱེད་པ་དང་། ཏུན་ཧོང་འདི་ཉིད་དར་གོས་ལམ་བུའི་བརྒྱུད་ཀྱི་ཚོང་རྟགས་རྩེ་གྲ་ཞིག་ཏུ་བསྐྲུན་ཐུབ་པ་བྱེད་དགོས་ཞེས་བསྟན་འདུག  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།