ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀན་སུའུ་ནི་བྱང་ཕྱོགས་ཀྱི་སྐྱེ་ཁམས་འགོག་རྟེན་གལ་ཆེན་ཞིག་ཡིན་ལ། དར་གོས་ལམ་བུ་གསར་པའི་དཔལ་འབྱོར་ཁུལ་ཐོག་གི་ལྷུ་ཚིགས་གལ་ཆེན་ཞིག་རེད། ལན་ཀྲོའུ་གྲོང་ཁྱེར་གྱི་ཉེ་བའི་ཉིན་གཅིག་ནང་གི་མཁའ་རླུང་སྦགས་བཙོག་ཚད་གྲངས་བརྒྱད་བཅུ་གྱ་གཉིས་ལ་སླེབས་པ་དང་། གྲངས་ཚད་དེ་ལེགས་གྲས་སུ་སླེབས་ཀྱི་ཡོད་ཅིང་། མགོ་བོ་ཡར་བཏེགས་ན་སྔོ་ཐིང་ཐིང་གི་ནམ་མཁའ་དང་དཀར་ཐིང་ཐིང་གི་སྤྲིན་པ་མཐོང་རྒྱུ་ཡོད། སྣང་ཚུལ་དེ་མི་རྣམས་ཀྱི་དྲན་འཆར་ནང་གི་མཁའ་རླུང་སྦགས་བཙོག་ཚབས་ཆེ་བའི་ནུབ་བྱང་གྲོང་ཁྱེར་དང་འདྲ་པོ་དེ་ཙམ་མེད། ལན་ཀྲོའུ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་འགོ་འཛིན་གཞོན་པ་ཅ་རུས་ཀྱིས། སྦགས་བཙོག་བཅོས་དགོས་ན་སྔོན་ལ་སྦགས་བཙོག་བཟོ་མཁན་དེ་གང་ཡིན་མིན་ཤེས་པ་བྱ་དགོས། ལན་ཀྲོའུ་གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཅུས་ཀྱི་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ནས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་དུ་དོ་དམ་ཚོད་འཛིན་བྱ་ཡུལ་ཁེ་ལས་ཁག་གི་དུ་ཁུང་དང་། རྡོ་སོལ་འདོན་ར། བཙོག་ཆུའི་ཡོང་ཁུངས། མུ་བསྒྱུར་སྟེགས་བུ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་བརྙན་རིས་མཐོང་ཐུབ་པ་དང་། བརྙན་ཤེལ་ཆེན་མོའི་ངོས་སུ་མིག་སྔར་འབུད་བཤངས་བྱས་པའི་བཙོག་དངོས་དག་གི་ཚད་གྲངས་མཐོང་ཐུབ་པ་མ་ཟད། ཚད་གྲངས་དེ་དག་སྐབས་བསྟུན་གྱིས་འགྱུར་བ་འགྲོ་བཞིན་ཡོད། དགུན་དུས་དྲོད་རླངས་མཁོ་འདོན་བྱེད་པའི་སྐབས། ལན་ཀྲོའུ་ཡིས་སྦགས་བཙོག་འབུད་བཤངས་ཚབས་ཆེ་བའི་ཁེ་ལས་ཀྱི་ཆུ་གཅོད་པ་དང་གློག་གཅོད་པ་སོགས་བཙན་ཐབས་སྤྱོད་པ་དང་། ཐོན་སྐྱེད་མཚམས་འཇོག་ཐབས་མེད་པའི་གཙོ་གནད་ཁེ་ལས་ལ་ཉིན་མཚན་ལྟོས་མེད་དུ་བརྟག་ཞིབ་ཚད་ལེན་བྱེད་བཞིན་ཡོད་ཅེས་གསུངས་འདུག ལན་ཀྲོའུ་གྲོང་ཁྱེར་ཁོར་ཡུག་བརྟག་ཞིབ་ཅུས་ལྟ་སྐུལ་ཞིབ་བཤེར་ཁང་དང་པོའི་འགོ་འཛིན་ཆུས་ཧུང་གིས་ངོ་སྤྲོད་གནང་བར་གཞིགས་ན། ད་ཆ་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། བཟོ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་དང་། རླངས་འཁོར་གྱི་དུ་བ་བཅོས་སྐྱོང་། རྡོ་སོལ་ཁྲོ་ཐབ་ཀྱི་སྦགས་བཙོག་བཅོས་སྐྱོང་བཅས་ཆེས་ནན་ཤོས་ཀྱི་སྒོ་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་པའི་བྱ་སྤྱོད་ཞེས་པ་སྤེལ་པས། ལན་ཀྲོའུ་ཡི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅིང་། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ལྟོས་བཅས་ཀྱིས་ལེགས་གྲུབ་བྱུང་བའི་དཔེ་མཚོན་དུ་བདམས་ནས་པེ་ཅིན་དང་ཐན་ཅིན་ཧོ་པེ་སོགས་སྦགས་བཙོག་ཚབས་ཆེ་བའི་ཁུལ་དུ་འོས་སྦྱོར་བྱས་ཡོད་ཅེས་གསུངས་འདུག སྤྱི་ལོ༢༠༡༤ལོར་ལན་ཀྲོའུ་ཡི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས༢༥༠ཟིན་ཡོད། ཡིན་ནའང་ལན་ཀྲོའུ་ཡི་གྲོང་སྤྱི་ཡོན་ཀྲན་ཐིང་གིས། ལན་ཀྲོའུ་ཡི་སྦགས་བཙོག་བཅོས་སྐྱོང་ལས་ལ་རྫོགས་མཐའ་མེད་པ་དང་། ཐོན་ལས་གྲུབ་གཞི་ད་དུང་ཡོངས་སུ་ལེགས་སྒྲིག་ཐུབ་མེད་པས། ཁེ་ལས་ཡིན་ནའང་འདྲ། སྲིད་གཞུང་དང་སྤྱི་ཚོགས་ཡིན་ནའང་འདྲ། སྦགས་བཙོག་བཅོས་སྐྱོང་དེ་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་པར་ད་དུང་ལམ་ཐག་རིང་པོ་བརྒྱུད་དགོས་ལ། ང་ཚོའི་དཀའ་སྤྱད་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་འདུག  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།