ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་ཁབ་རིག་དངོས་ཅུད་ནས་ཞིབ་བཤེར་ཚོགས་ཆུང་ཧོ་པེ་དང་། ཧྲན་ཞི། ཨན་ཧུའེ་སོགས་ས་ཆར་མངག་གཏོང་བྱས་ནས་རིག་དངོས་བཟོ་སྐྲུན་གྱི་མེ་ཟོན་བདེ་འཇགས་ལས་དོན་ཐད་འཐེན་ཞིབ་བྱས་ཡོད་པ་རེད། སྤྱི་ཚེས་23ཉིན། རྒྱལ་ཁབ་རིག་དངོས་ཅུད་ཀྱིས་འཐེན་ཞིབ་བྱས་འབྲས་ནང་ནས་མངོན་པར། རིག་དངོས་བཟོ་སྐྲུན་ཁག་ཅིག་གི་མེ་ཟོན་བདེ་འཇགས་དོ་དམ་ཐད་མི་འདང་བའི་ཆ་དང་སྐྱོན་ཆ་གནས་ཡོད་པ་དང་། གནའ་བོའི་གྲོང་ཁྱེར་དང་གྲོང་བརྡལ། གནའ་བོའི་གྲོང་ཚོ། སྒོ་དབྱེ་བྱས་མེད་པའི་ཚན་པ་བཅས་ཀྱི་མེ་ཟོན་རྨང་གཞིའི་སྒྲིག་ཆས་ཆ་ལག་ཚང་མོ་མེད་པས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཅུང་མངོན་གསལ་དོད་པོ་ཡོད་པ་རེད།

བསྡོམས་རྩིས་རྒྱབ་པར་གཞིགས་ན། 2014ལོར། རྒྱལ་ཁབ་རིག་དངོས་ཅུད་ལ་ཁྱོན་རིག་དངོས་བཟོ་སྐྲུན་གྱི་མེ་སྐྱོན་དོན་རྐྱེན་ཁག་18སྙན་ཞུ་བྱེད་མཁན་བྱུང་ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་མེ་སྐྱོན་ཁག་6བྱུང་ཡོད་པ་རེད། 2015ལོ་ཤར་ནས་ཉིན་22ནས་མ་སོང་བར། རྒྱལ་ཁབ་རིག་དངོས་ཅུད་ལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་གཉིས་ལ་མེ་སྐྱོན་དོན་རྐྱེན་བྱུང་བའི་སྙན་ཞུ་འབྱོར་ཡོད་པ་རེད།

ལིའུ་མིང་ཝུའེ་ཡིས། གོམ་སྟབས་རྗེས་མར་རྒྱལ་ཁབ་རིག་དངོས་ཅུད་ཀྱིས་འཐེན་ཞིབ་བྱེད་སྐབས་ཚབས་ཆེའི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་བྱུང་བ་རྣམས་འབྲེལ་ཡོད་ཞིང་ཆེན་གྱི་རིག་དངོས་ཚན་པར་ལན་ཆ་བྱས་ཏེ། འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུ་མ་ཟད་ལེགས་སྒྲིག་གནས་ཚུལ་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། མུ་མཐུད་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཚན་པས་གཙོ་བོ་བྱེད་པའི་གནའ་བོའི་གྲོང་ཁྱེར་དང་གྲོང་བརྡལ་དང་། གནའ་བོའི་གྲོང་ཚོ། གནའ་བོའི་བཟོ་སྐྲུན་ཁྱུ་ཚོགས་བཅས་ཀྱི་མེ་ཟོན་སྒྲིག་ཆས་བཟོ་སྐྲུན་གྱི་འགྲོ་གྲོན་མ་དངུལ་མང་དུ་གཏོང་རྒྱུ། མེ་སྐྱོན་དོགས་ཟོན་བྱེད་པའི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། དེ་མིན་ད་དུང་། རྒྱལ་ཁབ་རིག་དངོས་ཅུད་ཀྱིས་ཁྲིམས་འཛིན་ལྟ་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དམིགས་སར་མི་འབྱོར་བ་དང་། བེད་སྤྱོད་གཏོང་ཐབས་ལུགས་དང་མི་མཐུན་པའི་རྐྱེན་གྱིས། རིག་དངོས་བདེ་འཇགས་ཐད་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་པོ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། ཁྲིམས་ལྟར་ལེགས་སྒྲིག་བྱ་རྒྱུ་མ་ཟད་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་བཅས་བསྟན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།