ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་དངུལ་འཛིན་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཤའོ་ཀང་གིས་སྤྱི་ཚེས་23ཉིན། དངུལ་འཛིན་དུས་བཅད་ཚོང་ཟོག་མ་ལག་གི་ལྟ་སྐུལ་ཁྲིམས་འཛིན་བྱ་རྒྱུ་དངོས་སུ་ལག་ལེན་བསྟར་དགོས་པ་དང་། སྲིད་དོན་གཙང་སྐྱོང་ཐད་ཉེན་ཁ་ཅུང་ཆེ་བའི་དབང་ཆའི་ཚན་པ་དང་། འགག་རྩའི་ལས་གནས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཀྲུང་གོའི་དངུལ་འཛིན་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་བྱས་པའི་ཁོངས་གཏོགས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གྲོས་ཚོགས་ཐོག ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གླེང་སྐབས། ཤའོ་ཀང་གིས་སྲིད་འཛིན་འཐུས་མཆན་འགོད་པ་དང་། ཞིབ་བཤེར་ཁྲིམས་འཛིན་སོགས་ཁྲོམ་ར་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚན་པ་དང་ལས་གནས། དེ་བཞིན་དངུལ་འཛིན་དུས་བཅད་ཚོང་ཟོག་ཉོ་ཚོང་བྱེད་ས་དང་། རྒྱལ་ཡོངས་ཀྱི་བརྗེ་འགྱུར་ཆོག་པའི་མ་རྐང་ཀུང་སི། ཀྲུང་གོའི་ངེས་རྩིས། ཀྲུང་གོའི་དངུལ་འཛིན་དངུལ་རྩ་སོགས་ཁྲོམ་རྭ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚན་པ་དམིགས་སུ་བཀར་ནས་བཏོན་ཡོད་པས། ཚན་པ་འདི་དག་གཙོ་གནད་ཀྱི་ལྟ་སྐུལ་བྱ་ཡུལ་ལ་གྱུར་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།