སྤྱི་ཚེས ༢༡ ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སུའུ་ཙེར་ཏ་ཝོ་སི་ནས་ཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཐོག་གསུང་བཤད་གནང་བ་མ་ཟད། གསར་འགོད་པའི་བཅར་འདྲིར་ལན་བསྐྱོན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཚེས་ཉེར་གཅིག་ཉིན་སུའུ་ཙེར་ནས་ཤིན་ཧྭ་གསར་འགྱུར་གྱིས་འཕྲིན་སྤེལ་དོན། སྤྱི་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་སུའུ་ཙེར་ཏ་ཝོ་སི་ནས ༢༠༡༥ ལོའི་དགུན་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ལགས་ཡུལ་དེའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཚོགས་ཐོག་ཏུ་ཞུགས་ནས་བརྗོད་བྱང་ལ《ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་དང་། སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་འདོན་སྤེལ》ཞེས་པའི་དམིགས་བསལ་ཤིས་ཚིག་འདི་ཕུལ་འདུག

    ལི་ཁེ་ཆང་གིས། དེང་གི་འཛམ་གླིང་གི་འཕེལ་རྒྱས་ལ་ངེས་གཏན་མེད་ཀྱང་རེ་བས་བརྟས་ཡོད་པས། འཛམ་གླིང་གི་གནས་སྟངས་གསར་བའི་བསམ་བློ་གསར་བར་ཁ་གཏད་པར་དཔྱད་བསྡུར་དགོས། ཀྲུང་གོས་རྙོག་འཛིང་གི་རྒྱལ་སྤྱིའི་གནས་སྟངས་ལ་གདོང་ཕྱོགས་དུས་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་དང་། ཀུན་ལ་ཕན་ཞིང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་རྒྱུ་ལྷུར་བླངས་པ་ཡིན་གྱི་དེ་མིན་ཚེ་འཕེལ་རྒྱས་ཞེས་གླེང་ཐབས་མེད་དོ། ། དེ་མིན་སྣ་མང་གི་འཛམ་གླིང་རིག་གནས་ལ་ཁ་ཕྱོགས་དུས་ཀྲུང་གོས་འཆམ་མཐུན་འབྲེལ་འདྲིས་ལ་སྐུལ་སྤེལ་བྱས་ཏེ། རིག་གནས་དང་ཆོས་ལུགས་མི་འདྲ་བའི་མི་དམངས་ཀྱིས་ཕན་ཚུན་བར་བརྩི་འཇོག་དང་ཁོག་རྒྱ་ཡངས་པོས་ཕན་ཚུན་ལ་བརྗེ་རེས་བྱེད་རྒྱུ་གཙོར་བཟུང་བ་ཡིན། འགྱུར་ལྡོག་ཆེ་བའི་དཔལ་འབྱོར་གནས་སྟངས་ལ་གདོང་ཕྱོགས་དུས་ཀྲུང་གོས་སྒོ་འབྱེད་རབ་བཞིན་གྱི་གསར་གཏོད་ལ་སྐུལ་འདེད་བྱས་པ་ཡིན་ཏེ། རྒྱལ་ཁབ་སོ་སོས་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྲིད་ཇུས་གཏན་འབེབས་བྱེད་པའི་དུས་མཚུངས་སུ་རྒྱལ་སྤྱིའི་ཆེ་མཐོང་དཔལ་འབྱོར་གྱི་སྲིད་ཇུས་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བྱེད་པ་དང་ལྷན་དུ་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་མངའ་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་དགོས་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གང་ལེགས་བགྱིས་ཏེ་འཛམ་གླིང་གི་གསར་གཏོད་གཅིག་ཏུ་བསྡུ་བའི་སྟོབས་ཤུགས་ཆགས་པའི་ཐོག    འཛམ་གླིང་གི་རིན་ཐང་སྦྲེལ་ཐག་བཙུགས་ནས་ཚན་རྩལ་གསར་བར་མདུན་བསུ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱོང་སྤེལ་བྱེད་དགོས་ཞེས་བསྟན།

    ཁོང་གིས་དེང་གི་དུས་འདིར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་ཕྱིའི་འཛམ་གླིང་དཔལ་འབྱོར་གྱི་གཏིང་ཚད་སྙོམས་སྒྲིག་གི་རྒྱབ་ལྗོངས་དང་། ནང་གི་དཔལ་འབྱོར་ཆོས་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དེ་ཆེས་མྱུར་བའི་འཕེལ་རྒྱས་ནས་ཅུང་མྱུར་བའི་འཕེལ་སྟངས་སུ་བསྒྱུར་ནས་རྣམ་ཀུན་གྱི་འཕེལ་སྟངས་གསར་བ་ཞིག་བསྟན་ཡོད། ༢༠༡༤ ལོར་དཔལ་འབྱོར་མར་འགྲིབ་ཀྱི་གནོན་ཤུགས་འོག་ཀྲུང་གོས་བཅོས་བསྒྱུར་ཆེན་པོས་དཔལ་འབྱོར་གྱི་འཁོར་སྐྱོད་ལུགས་མཐུན་གྱིས་རྒྱུན་བསྐྱངས་པ་ཡིན། ༢༠༡༥ ལོར་དཔལ་འབྱོར་མར་འགྲིབ་ཀྱི་འཁུར་བོ་ཁྲག་ཏུ་བཞེས་ནས་འཐབ་ཇུས་ཀྱི་གཏན་ཤུགས་ལ་འགྱུར་བ་མ་བཏང་བར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཏན་འཇགས་ལ་ཕན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིག ཚོད་འཛིན་དང་ཚོད་འཛིན་ཕྲན་བུ། ཕྱོགས་ངེས་གཏན་གྱི་ཚོད་འཛིན་བཅས་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་བརྟན་པོ་བཏང་ཐོག དཔལ་འབྱོར་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་བསྒྱུར་བར་ནུས་ཤུགས་བཏོན། ད་ལྟ་ཀྲུང་གོས་བྱེད་ཐབས་གང་ཡོད་བཏོན་ཏེ་བུ་ལོན་དང་དངུལ་རྩ་སོགས་ཀྱི་ཉེན་ཁར་བག་ཟོན་ཡག་པོ་བྱས་ཡོད་པས་ཀྲུང་གོའི་དཔལ་འབྱོར་ལ་"བཙན་གྱིས་འབབ་པའི"རྣམ་པ་འབྱུང་མི་སྲིད།

    ཁོང་གིས་ཀྲུང་གོའི་དཔལ་འབྱོར་གྱིས་ཅུང་མྱུར་བའི་འཕེལ་ཚད་རྒྱུན་སྐྱོང་དང་དེར་བསྟུན་གྱི་ཆུ་ཚད་མཐོན་པོར་སྙེག་དགོས་ན་སྲོལ་རྒྱུན་གྱི་བསམ་བློ་ལ"མིན"དང་གསར་གཏོད་ལམ་ལུགས་ལ"ལེགས"ཅེས་སྨྲ་དགོས་ན་ཡང་། ཆེས་གནད་འགག་ནི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་དང་། ཆེ་མཐོང་ཚོད་འཛིན་གསར་གཏོད་བྱས་ནས་ཐོན་ལས་སྒྲིག་གཞི་ལེགས་བསྒྱུར། ནང་མཁོ་རྒྱ་བསྐྱེད་དང་འཛད་གྲོན་ཁ་སྣོན་བཅས་ཀྱི་ལམ་ནས་ཡོང་འབབ་བགོ་བཤའ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་ཡིན། ལྷག་པར་ཀྲུང་གོའི་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངའ་བས་འཛམ་གླིང་ལ་གོ་སྐབས་གསར་བ་ཞིག་བསྐྲུན་ངེས་ཞེས་བསྟན།

    ཁོང་གིས་ཀྲུང་གོའི་དཔལ་འབྱོར་ལ"ཅུང་མྱུར་བ་གཉིས"མངོན་འགྱུར་དགོས་ན"ལག་ཟུང"ལྟ་བུའི་སྲིད་གཞུང་དང་ཚོང་ར་གཉིས་ལ་བརྟེན་ནས་གཤོག་ཟུང་བསྐྱངས་དགོས། གཅིག་ནི་གཤོག་པ་གསར་དུ་བཟོས་ནས་མི་མང་པོའི་ལས་རིགས་གསར་གཏོད་དང་མི་མང་པོའི་གསར་གཏོད་ལ་ཡར་སྐུལ་བྱས་ཏེ་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་བེད་སྤྱོད་ཀྱི་ཚུལ་དུ་མང་ཚོགས་བདེ་ལ་བཀོད་པའི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པར་བརྩོན་ལེན་དང་། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བཞག་ལ་སྐུལ་སྤེལ་བྱེད་དགོས། གཉིས་ནི་སྲོལ་རྒྱུན་གྱི་གཤོག་པར་བཟོ་བཅོས་རྒྱག་དགོས། གཙོ་བོ་སྤྱི་བའི་ཐོན་རྫས་དང་སྤྱི་བའི་ཞབས་ཞུ་མཁོ་འདོན་རྒྱ་ཆེར་བསྐྱེད་དེ་ཆད་པ་ཁ་གསབ་བྱེད་དགོས་པ་དང་། སྲིད་གཞུང་གིས་ནོར་སྲིད་ཀྱི་གཏོང་འཇོག་ལ་ཤུགས་སྣོན་པ་དང་ཆབས་ཅིག་མ་དངུལ་མཉམ་བསྡུས་ཀྱི་མ་འཇོག་དང་ཟོག་གོང་ལམ་ལུགས་བཅོས་བསྒྱུར་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་སྐུལ་སློང་ཡག་པོ་བྱེད་དགོས། ནོར་སྲིད་དཔྱ་ཁྲལ་དང་དངུལ་རྩ་སོགས་ཀྱི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་ལེགས་པོ་སྒྲུབ་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་གསུངས།

    ཁོང་གིས་ཀྲུང་གོས་ཉོ་ཚོང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་བྱས་ཏེ་ཞབས་ཞུ་ལས་རིགས་དང་དབུས་ཁུལ་དང་ནུབ་བརྒྱུད་ས་ཁུལ། མ་རྩའི་ཚོང་རའི་སྒོ་འབྱེད་ཚད་བཅས་སྔར་བས་རྒྱ་བསྐྱེད་འཆར་ཡོད་ལ། དེ་ནི"བརྒྱུད་ཅིག་ལམ་གཅིག་"གི་འཛུགས་སྐྲུན་ལ་སྐུལ་སྤེལ་ཆེན་པོ་བྱས་ནས་ཀྲུང་གོའི་ཁེ་ལས"ཕྱིར་བསྐྱོད"དེ་རྒྱལ་ཁབ་ཁག་བར་གྱི་མཉམ་ལས་ཁྲོད་ཐུན་མོང་གི་འཕེལ་རྒྱས་མངོན་དུ་འགྱུར་བར་ཡར་སྐུལ་བྱེད་རྒྱུ་དེ་ཡིན།ཀྲུང་གོའི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱས་ནས་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་ལ་སྐུལ་སྤེལ་གང་ལེགས་བྱེད་པའི་ཁྲོད་དུ"གཤོག་ཟུང་ཆེན་མོ"བེད་སྤྱོད་ལེགས་པོ་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་གྱི"ཅུང་མྱུར་བ་གཉིས"ལ་རམ་འདེགས་བྱེད་རྒྱུ་ཡིན།  དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་གཏན་འཇགས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་དང་། གློད་ཅིང་བློ་ཁོག་ཡངས་པའི་འདུ་ཤེས་བཟུང་སྟེ། བཅོས་བསྒྱུར་གསར་གཏོད་ཀྱི་སྒུལ་ཤུགས་བསླངས་ནས་མཉམ་དུ་མ་འོང་བའི་བདེ་སྐྱིད་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ་ཞེས་གསུངས་སོ། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།