བློ་མཐུན་གོ་ཏི་རོང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་གོ་ཏི་རོང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས། སྙན་ཞུ་ཚོགས་འདུའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་རྣམས་ལ་ཐུག་འཕྲད་གནང་ཞིང་། གོ་ཏི་རོང་ལ་བྱམས་བརྩེའི་ངང་འཚམས་འདྲི་མཛད་དེ། གོ་ཏི་རོང་གི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་བྱེད་དགོས་པའི་རེ་བ་བཏོན།

གོ་ཏི་རོང་གིས་ཡུན་ནན་ཞིང་ཆེན་གོང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་གྱི་འགན་ཁུར་མྱོང་ཞིང་། དུས་ཡུན་རིང་བོར་ཆ་རྐྱེན་ཧ་ཅང་ཞན་ལ་དཀའ་སྡུག་ཆེ་བའི་ཏུའུ་ལུང་གཙང་བོའི་འགྲམ་ནས་བྱ་བ་བསྒྲུབས་ཏེ། བློ་གཅིག་སེམས་གཅིག་སྒོས་ཕ་ཡུལ་འཛུགས་སྐྲུན་དང་གོང་འཕེལ་དུ་གཏོང་བའི་ཐད་ལ་ཤུགས་བསྣན་ནས། ས་དེའི་མང་ཚོགས་ཁྲོད་ནས“སེམས་སུ་ནམ་ཡིན་ཡང་མང་ཚོགས་ཁོ་ན་བསམ་པའི་རྫོང་དཔོན་བཟང་བོ”ཞེས་པའི་མཚན་སྙན་རྒྱས་ཡོད། ནུའུ་ཅང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་མཚམས་བཞག་རྗེས། ཁོ་རང་འགུལ་གྱིས་རང་གི་ཕ་ཡུལ་ལ་ལོག་ནས་མང་ཚོགས་ཀྱི་དབུལ་བཅོས་ཕྱུག་བསྒྱུར་གྱི་དོན་དུ་སེམས་ཤུགས་ཕུལ།

ལིག་ཡུན་ཧྲན་གྱིས་བློ་མཐུན་གོ་ཏི་རོང་ལ་འཚམས་འདྲི་མཛད་སྐབས་གསུངས་རྒྱུར། བློ་མཐུན་གོ་ཏི་རོང་ནི་དུས་རབས་ཀྱི་དཔེ་ལེགས་པ་ཞིག་ཡིན་ཞིང་། ཏུའུ་ལུང་རིགས་ཀྱི་སྣེ་ཁྲིད་པ་ཡང་ཡིན་ལ། རྒྱལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་དར་ཆ་ཞིག་ཀྱང་རེད། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་བློ་མཐུན་གོ་ཏི་རོང་ལ་སློབ་སྦྱོང་བྱས་ནས་ཏང་གི་སློབ་གསོ་དང་སྐྱེད་སྲིང་སྟོང་ཟད་དུ་མི་གཏོང་བར་ནམ་ཡིན་ཡང་མི་དམངས་སེམས་སུ་བཅངས་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་དང་གསར་འགྱུར་སྨྱན་བྱད་པས་གོ་ཏི་རོང་སོགས་དུས་རབས་ཀྱི་དཔེ་ལེགས་ཅན་གྱི་སེམས་འགུལ་ཐེབས་པའི་བྱས་རྗེས་དྲིལ་སྒྲོག་དང་ཁྱབ་སྒྲོག་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།