ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་ཁུང་མེན་བཅའ་སྡོད་དམག་དཔུང་ལ་གཟིགས་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་ཁུང་མེན་བཅའ་སྡོད་དམག་དཔུང་ལ་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་ཁུང་མེན་བཅའ་སྡོད་དམག་དཔུང་ལ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་མཛུབ་སྟོན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ནས། ནན་ཏན་སྒོས་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་དགོས་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བའི་བསམ་བློ་ཆགས་པར་བྱེད་པ། དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་རྩ་གནད་ལྟར་གཞི་རིམ་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པ་དང་། དམག་དཔུང་གི་འཛུགས་སྐྲུན་རྨང་གཞི་ཇེ་བརྟན་དུ་བཏང་ནས། དམག་དཔུང་སྟོབས་ཅན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།Z4U

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་ལྔའི་སྟེང་ཞི་ཅིན་ཕེན་ཐོག་མར་དམག་དཔུང་བཅུ་བཞི་བའི་ལས་ཁུངས་སུ་ཕེབས་ཤིང། དེ་ནི་ཞི་ཅིན་ཕེན་གྱིས་གཞི་རིམ་དམག་དཔུང་འཛུགས་སྐྲུན་བྱེད་པར་ཐུགས་ཁུར་ཆེན་པོ་གནང་བ་དང་། ཉིས་སྟོང་བཅོ་ལྔ་ལོར་ཐོག་དང་པོར་དམག་དཔུང་དུ་གཟིགས་ཞིབ་མཛད་པ་རེད། ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་བར་ཟི་ཁྲོན་ཞིང་ཆེན་ལུའུ་ཧྲན་ས་ཁུལ་ལ་ས་འགུལ་བརྒྱུགས་རྗེས། ཁོང་གིས་གནོད་འགོག་གནོད་སེལ་དུ་ཞུགས་པའི་དམག་དཔུང་གི་བཟོ་སྐྲུན་དམག་དཔུང་གི་དམག་མིར་འཚམས་འདྲི་མཛད་མྱོང་ཞིང་། ཞི་ཅིན་ཕེན་དམག་དཔུང་གི་ཐོག་ཁང་དུ་ཕེབས་ནས་དཔོན་དམག་རྣམས་ལ་འཚམས་འདྲི་མཛད་པ་དང་། དམག་དཔུང་གི་འཛུགས་སྐྲུན་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་མཛད་དེ། དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་གྲུབ་འབྲས་དང་ཡར་རྒྱས་གོང་འཕེལ་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་དམག་དཔུང་དེའི་ལོ་བཅུ་དགུ་ཅན་གྱི་སྔོན་གཤེགས་དཔའ་བོ་ཝང་ཅན་ཁྲོན་གྱིས་འཐབ་འཁྲུག་གི་སྐབས་སུ་རང་གི་ཨ་མར་སྙན་ངག་ཅིག་བྲིས་པའི་རྒྱུ་མཚན་སྐོར་གླེང་། ཞི་ཅིན་ཕེན་གྱིས་བསྟན་དོན། འཐབ་འཁྲུག་བརྒྱབ་ན་དཔའ་སྤོབས་ལྡན་དགོས་ལ། དམག་མི་ཞིག་ཡིན་ཚེ་ངེས་པར་དུ་དཀའ་སྡུག་ལ་མི་སྐྲག་པ་དང་། འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་ལྡན་དགོས་ཟེར།

སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ཏེ་མེ་སྒྱོགས་དམག་དཔུང་གཉིས་པའི་རྟེན་གཞི་ཞིག་ལ་ཕེབས། རྟེན་གཞི་ནི་མེ་སྒྱོགས་ཚན་ཆུང་གཉིས་པ་ལས་གྲུབ་པའི་ཆེས་སྔ་བའི་དམག་དཔུང་ནང་གི་གཅིག་ཡིན་ལ། རང་རེའི་དམག་དཔུང་གི་འཐབ་ཇུས་སྟོབས་ཤུགས་གལ་ཆེན་ཞིག་རེད། ཉིས་སྟོང་བཅུ་བཞི་ལོའི་དམག་སྦྱོང་འཁྲབ་སྟོན་ལ་གཟིགས་སྐབས། ཚང་མར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་བྱས་ནས། དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་འབོད་སྐུལ་བཏང་མྱོང་།ཞི་ཅིན་ཕེན་གྱིས་སོ་སོར་དམག་དཔུང་དེ་གཉིས་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད་གསུངས་བཤད་གལ་ཆེན་གནང་།  

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། རྨང་གཞི་གཞི་རིམ་དུ་ཡོད་ལ། གསོན་ཤུགས་ཀྱང་གཞི་རིམ་དུ་ཡོད་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་ཀྱིས་བྱ་བའི་དཀྱིལ་སྙིང་གཞི་རིམ་དུ་བཞག་ནས། གཞི་རིམ་གྱི་སྟོབས་ཤུགས་ཆེན་པོ་དམ་འཛིན་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།