རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་སུའེ་ཙེར་ཏ་ཝོ་སི་ནས་ཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་ལྔ་ལོའི་ལོ་ཚོགས་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་ཞི་བའི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་གྲུབ་ཚུལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་ནུས་པ་གསར་བ་གསོ་སྐྱོང་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་སུའེ་ཙེར་ཏ་ཝོ་སི་ནས་ཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་ལྔ་ལོའི་ལོ་ཚོགས་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་ཞི་བའི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་གྲུབ་ཚུལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་ནུས་པ་གསར་བ་གསོ་སྐྱོང་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་བསླེབས་པ་དང་། འཕར་སྣོན་བྱེད་ཚད་དེ་ཧ་ཅང་མྱུར་བ་ནས་མྱུར་བ་འབྲིང་ཙམ་དུ་སྒྱུར་ཞིང་འཛམ་གླིང་དཔལ་འབྱོར་ལེགས་སྒྲིག་ཆེན་པོ་བྱེད་པའི་རྒྱབ་ལྗོངས་ཡོད་པ་དང་ནང་ཁུལ་གྱི་དཔལ་འབྱོར་ཆོས་ཉིད་ཡང་ཡོད། ཉིས་སྟོང་བཅུ་བཞི་ལོར་དཔལ་འབྱོར་ཇེ་ཞན་དུ་འགྲོ་བའི་གནོན་ཤུགས་ལ་དམིགས་ཏེ། ཀྲུང་གོས་ཤུགས་དྲག་བྱེད་ཐབས་མ་སྤྱད་ནའང་བཅོས་སྒྱུར་བྱ་བར་གཙིགས་འཛིན་བྱས་ནས་དཔལ་འབྱོར་འཁོར་སྐྱོད་དེ་འོས་འཚམ་གྱི་མངའ་ཁོངས་སུ་སྲུང་འཛིན་བྱས། ཉིས་སྟོང་བཅོ་ལྔ་ལོར་དཔལ་འབྱོར་ཇེ་ཞན་དུ་འགྲོ་བའི་གནོན་ཤུགས་ལ་དམིགས་ཏེ་མུ་མཐུད་དུ་འཐབ་ཇུས་སྟོབས་ཤུགས་སྲུང་འཛིན་བྱེད་དགོས་པ་དང་། ཧུར་ཐག་གི་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཡིན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས་པར་མ་ཟད། དཔལ་འབྱོར་འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་རང་མོས་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ་ཞབས་ཕྱིའི་ལས་རིགས་དང་དབུས་ནུབ་རྒྱུད་ས་ཁུལ་དང་མ་རྩའི་ཚོང་རའི་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་ངེས་ཡིན་པ་དང་། ཤུགས་ཆེན་པོས་ས་ཁུལ་དང་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁེ་ལས་ཕྱི་ལ་འགྲོ་བར་སྐུལ་མ་གཏོང་བར་མ་ཟད། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕན་ཚུན་ལ་སྒོ་འབྱེད་པའི་ཁྲོད་དུ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།