ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཚེས་ཉི་ཤུ་ཉིན་ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་དང་ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་མཛའ་མཐུན་མཉམ་ལས་ལོ་ཞེས་པའི་བྱ་འགུལ་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥུའུ་ཧན་གཉིས་བར་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ལྡན། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་གྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱས་པར་མ་ཟད། ཀྲུང་གོ་དང་ཨ་ཧྥུའུ་ཧན་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཨ་ཧྥུའུ་ཧན་གྱི་ཞི་བའི་བསྐྱར་འཛུགས་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཨ་ཧྥུའུ་ཧན་དང་མཉམ་དུ་འབད་བརྩོན་བྱས་ནས། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། ཡུན་སྐྱོང་བདེ་འགོད་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཨ་ཧྥུའུ་ཧན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་བར་གྱི་མཛའ་བཤེས་ཟབ་མོར་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དང་ཀྲུང་གོའི་བར་མཛའ་མཐུན་མཉམ་ལས་ལོ་ཞེས་པའི་བྱ་འགུལ་སྤེལ་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཡིད་ཆེས་དང་རྒྱུས་ལོན་སྔར་ལས་ཇེ་དམ་དུ་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།