ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་སྲིད་ཁྲིམས་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་གནས་བབ་གསར་བའི་འོག་ཏུ་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་འགན་སྔར་ལས་ལྗིད་པ་དང་མི་དམངས་མང་ཚོགས་ཀྱི་རེ་བ་སྔར་ལས་མཐོ་བས། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་རང་འགུལ་སྒོས་གནས་བབ་གསར་བ་དང་མཐུན་པར་བྱེད་པ་དང་། བྱ་བའི་མིག་རྒྱང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་སྣ་ཚོགས་འགོག་སྲུང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ལག་བསྟར་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་ཡིས་ཕྱོགས་གཅིག་གི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་བྱས་ཏེ། སྲིད་ཁྲིམས་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་བཞག་ནས་འཆར་འགོད་བྱེད་པ་དང་། ཧུར་ཐག་སྒོས་སྲིད་ཁྲིམས་བྱ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། མགོ་ཁྲིད་དེ་ཁྲིམས་ལྟར་དོན་དག་བསྒྲུབ་པ་དང་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་བཙན་དང་དྲང་གཞག་གི་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། སྲིད་ཁྲིམས་ལས་ཁུངས་སོ་སོས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་བཙན་འགན་འཁུར་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས། སྲིད་ཁྲིམས་ལས་ཁུངས་ཀྱི་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། སྲིད་ཁྲིམས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་ཞིང་སྲིད་ཁྲིམས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གདམ་གསེས་གང་ལེགས་བྱས་ཏེ། སྲིད་ཁྲིམས་དཔུང་སྡེ་ཡི་བསམ་བློ་ཆབ་སྲིད་བྱང་ཚད་ཇེ་མཐོར་གཏོང་བ་དང་འགན་འཁྲིའི་ལག་བསྟར་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཏང་ལ་བློ་དཀར་ཞིང་རྒྱལ་ཁབ་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བའི་སྲིད་ཁྲིམས་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།