ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཚེས20ཉིན་གྲངས་གཞི་ཡོངས་བསྒྲགས་བྱས་ཡོད་པ་དང་། ཐོག་མའི་ཞིབ་རྩིས་བྱས་པ་བརྒྱུད། སྤྱི་ལོ2014ལོའི་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་དྲུག་འབུམ་སུམ་ཁྲི་དྲུག་སྟོང་བཞི་བརྒྱ་དྲུག་ཅུ་རེ་གསུམ་ཟིན་ཡོད་ཅིང་། བསྡུར་ཆོག་པའི་རིན་གོང་ལ་གཞིགས་ནས་རྩིས་བརྒྱབ་ན་ལོ་གོང་མ་ལས་བརྒྱ་ཆ་བདུན་དང་གྲངས་ཆུང་བཞི་འཕར་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་མ་ཅན་ཐང་གིས་པེ་ཅིང་དུ་སྐོང་འཚོགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་དམངས་དཔལ་འབྱོར་རྒྱུན་རྣམ་གསར་པའི་འོག་དོ་སྙོམས་ངང་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། དམངས་འཚོ་ལེགས་བཅོས་བཅས་ཀྱི་གནས་བབ་བཟང་པོ་མངོན་ཡོད་ཅེས་གསུངས་ཡོད་པ་རེད།

ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་ཅུང་ཡག་པོ་ཡོད་པ་དང་། བཟོ་ལས་ཐོན་སྐྱེད་འཁོར་རྒྱུག་བྱ་རྒྱུ་དེ་ལུགས་མཐུན་གྱི་བར་ཁམས་ནང་གནས་ཡོད། ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་དུང་ཕྱུར་དྲུག་དང་ས་ཡ་བདུན་དང་ཆིག་འབུམ་ཟིན་ཡོད་པ་དེ་ལོ་གོང་མ་ལས་ཏུན་ས་ཡ་ལྔ་དང་ཆིག་འབུམ་དྲུག་ཁྲི་འཕར་སྣོན་ཕྱིན་ཡོད་ཅིང་། འཕར་ཚད་བརྒྱ་ཆ་ཀླད་ཀོར་དང་གྲངས་ཆུང་དགུ་ཟིན་ཡོད་པ་རེད།

མི་འབོར་ལས་ཞུགས་བྱ་རྒྱུ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། དེ་ཡང་སྤྱི་ལོ་2014ལོའི་ལོ་མཇུག་ཏུ། ཀྲུང་གོའི་སྐམ་ས་ཆེན་མོའི་སྤྱིའི་མི་འབོར་དུང་ཕྱུར་བཅུ་གསུམ་དང་བྱེ་བ་དྲུག་དང་ས་ཡ་བདུན་བརྒྱད་འབུམ་ཉིས་ཁྲི་ཟིན་ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ས་ཡ་བདུན་དང་ཆིག་འབུམ་མང་དུ་ཕྱིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།