ཟླ་དང་པོའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། མི་འགྱང་བར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ལ་སྤྲད་དེ་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་རྒྱུ་ནི་བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཁྲི་གལ་ཆེན་ཞིག་རེད། སྲིད་གཞུང་བྱ་བའི་སྙན་ཞུ་ལས་སྲིད་གཞུང་གིས་མི་དམངས་ལ་བཅངས་པའི་དམ་བཅའ་ནན་མོ་མཚོན་ཡོད་ལ། དེ་ནི་རྒྱལ་ཡོངས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ང་ཚོས་སྲིད་གཞུང་གི་འཐབ་ཇུས་གལ་ཆེན་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ལ། སྙན་ཞུ་འགོད་པའི་གོ་རིམ་ཁྲོད་ལས་རིགས་ཁག་གི་བསམ་འཆར་ལ་ཡོངས་ཁྱབ་ཏུ་ཉན་ཏེ། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ལྟ་བ་གཅིག་བསྡུ། མང་ཚོགས་ཀྱི་བློ་གྲོས་གཅིག་བསྡུ་བཅས་བྱས་ནས། མི་དམངས་ཀྱི་རེ་འདུན་དང་ཐུགས་ཁུར་དེ་སྲིད་གཞུང་བྱ་བའི་ཕྱོགས་གཙོ་བོར་བརྩིས་ཏེ། ངེས་པར་བཟང་བོར་སྒྲུབ་པ་དང་ཕན་འབྲས་ལེན་པར་འབད་བརྩོན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ད་ལོར་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་སྔར་བཞིན་ཆེ་ཞིང་། དཀའ་ཁག་ཇེ་མང་དུ་འགྲོ་སྲིད་པས། སྲིད་གཞུང་བྱ་བའི་ལས་འགན་ཧ་ཅང་ལྗིད། དེར་བརྟེན་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་གཙོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་སུ་གཏོང་རྒྱུའི་ལས་འགན་དང་པོ་དེར་དམ་པོར་དམིགས་ནས། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་ནང་དོན་གཙོ་བོ་ལྟར། དཀའ་སྤྱད་འབད་འཐབ་དང་གསར་གཏོད་གསར་སྐྲུན་བྱེད་དགོས་ལ། སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་སྒྲིག་གཞི་ལེགས་སྒྲིག་བྱེད་དགོས། བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་གཉིས་དོ་མཉམ་ཡོང་བར་བྱེད་པ་དང་དམངས་འཚོ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་བཏང་སྟེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལས་འགན་སྣ་ཚོགས་ཧུར་ཐག་སྒོས་ཡོངས་འགྲུབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་དུས་ཚིགས་དང་པོའི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་ལོ་ཧྲིལ་བོའི་བྱ་བར་མཚོན་ན་ཧ་ཅང་གལ་ཆེན་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དུས་ཚིགས་དང་པོའི་བྱ་བའི་མགོ་བཟང་བོ་ཞིག་རྩོམ་པར་འབད་བརྩོན་བྱེད་དགོས། གཅིག་ནི་བཀོད་སྒྲིག་བྱས་ཡོད་པའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། གཉིས་ནི་དགུན་དཔྱིད་དུས་སྐབས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་དང་ལེགས་འཛིན་བྱས་ནས། ཞིང་སའི་ཆུ་བེད་འཛུགས་སྐྲུན་དང་དཔྱིད་འདེབས་ཐོན་སྐྱེད་ལ་ཤུགས་སྣོན་དགོས། གསུམ་ནི་རྡོ་སོལ་དང་གློག་ཤུགས། རྡོ་སྣུམ། རང་བྱུང་སོལ་རླངས་བཅས་མཁོ་སྤྲོད་བྱེད་པའི་བྱ་བར་མཐུན་སྦྱོར་སྒོས་ཁག་ཐེག་བཟང་བོ་བྱེད་པ་དང་། ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བ་རྩ་འཛུགས་བཟང་བོ་བྱེད་དགོས། བཞི་ནི་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་སེམས་ཁུར་དང་འགན་སྲུང་བྱེད་དགོས། ལྔ་ནི་ཟས་རིགས་ལ་གནོད་སྐྱོན་ཐེབས་སུ་འཇུག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆམ་ཕབ་ནན་མོ་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།