ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ཕྱེད་ཙམ་སྐུལ་འདེད་བཏང་བ་བརྒྱུད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་སྤྱོད་རླངས་འཁོར་བསྒྱུར་བཅོས་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་ཞིང་། ས་གནས་གི་གཞུང་སྤྱོད་རླངས་འཁོར་བསྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཞིང་ཆེན་ཁག་ཅིག་གིས་བསྒྱུར་བཅོས་ཀྱི་དུས་ཚོད་རེའུ་མིག་བཟོས་ཡོད་པ་རེད།

 2014ལོའི་ཟླ་བ་བདུན་པར། ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས། གཞུང་སྤྱོད་རླངས་འཁོར་བེད་སྤྱོད་ལམ་ལུགས་བསྒྱུར་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་ཀྱི་བསྒྱུར་བཅོས་ཇུས་གཞི་ཞེས་པ་པར་འགྲེམ་བྱས་ཡོད། བསམ་འཆར་དང་ཇུས་གཞིས། གཞུང་སྤྱོད་རླངས་འཁོར་བསྒྱུར་བཅོས་བྱེད་པའི་ཐད་དུས་ཚོད་རེའུ་མིག་བཟོས་ཡོད་པས། 2014ལོའི་ལོ་མཇུག་གོང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞུང་སྤྱོད་རླངས་འཁོར་བསྒྱུར་བཅོས་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་བྱེད་རྒྱུ་དང་ས་གནས་ཏང་སྲིད་ལས་ཁུངས་ཀྱིས2015ལོའི་ལོ་མཇུག་གོང་ལེགས་གྲུབ་ཐུབ་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད། གསར་འགོད་པས་སྔ་རྗེས་སུ་པུའུ་དང་ཨུ་ཡོན་ལྷན་ཁང་མང་པོར་འབྲེལ་གཏུག་བྱས་པར། ལས་དོན་མི་སྣ་ཚང་མས། 2014ལོའི་སྤྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ནས་ལས་ཁུངས་ཀྱི་གཞུང་སྤྱོད་རླངས་འཁོར་ཚང་མ་བཀག་སྡོམ་བྱས་ཡོད་ཅེས་བསྟན་ཡོད། གནས་ཚུལ་ཤེས་མཁན་མི་སྣས། མིག་སྔར་ཀྲུང་དབྱང་བང་རིམ་གྱི་རླངས་འཁོར་བཀག་སྡོམ་དང་ཁ་གསབ་སྤྲོད་རྒྱུའི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཡིན་ནའང་རླངས་འཁོར་དེ་དག་ཐག་གཅོད་བྱེད་པར་ད་དུང་དུས་ཚོད་དགོས་ཀྱི་འདུག འཆར་གཞི་ལྟར། ས་གནས་གི་རླངས་འཁོར་བསྒྱུར་བཅོས་བྱས་འབྲས་དེ་ད་ལོའི་ལོ་མཇུག་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད། དེར་བརྟེན2014ལོའི་ལོ་མཇུག་ཏུ་ཅང་སུའུ་དང་ཧུའུ་པེ་སོགས་ས་ཆར་སྔ་རྗེས་སུ་གྲོས་ཚོགས་འཚོགས་ཏེ། ལོ་གསར་པའི་རླངས་འཁོར་བསྒྱུར་བཅོས་ཀྱི་འཆར་གཞི་བཀོད་སྒྲིག་བྱས་ཡོད་ཅེས་ར་སྤྲོད་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།