ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་རྒྱལ་ཁབ་རྟེན་མཛོད་ཁང་དུ་དར་གོས་ཚོང་ལམ་གྱི་རིག་དངོས་འགྲེམ་སྟོན་ལ་ལྟ་ཞིབ་བྱས། ཁོས་བཤད་རྒྱུར། གནའ་བོའི་དར་གོས་ཚོང་ལམ་དུ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་འགའི་མཛའ་མཐུན་ལོ་རྒྱུས་བསྐྲུན་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་བཏང་། དར་གོས་ཚོང་ལམ་དུ་འོད་སྟོང་འབར་ཞིང་རིན་ཐང་བྲལ་བའི་རིག་གནས་སྔོག་འདོན་བྱེད་པ་དང་། དར་གོས་ཚོང་ལམ་གྱི་མཛའ་བཤེས་རྒྱུན་འཛིན་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་རྒྱལ་ཁབ་ཀྱིས་ཞི་བདེ་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

དར་གོས་ཚོང་ལམ་གྱི་རིག་དངོས་འགྲེམ་སྟོན་དེ་རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུའུ། དེ་མིན་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། མཚོ་སྔོན། ཞིན་ཅང་། ཧི་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་དང་། ཐེངས་འདིའི་འགྲེམ་སྟོན་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་རིག་དངོས་རྩ་ཆེན་བཞི་བརྒྱ་དང་དགུ་བཅུ་ལྷག་འབྱོར། ན་ནིང་གི་ཟླ་བཅུ་གཅིག་པ་ནས་བཟུང་འགྲེམ་སྟོན་བྱས་པ་དང་ད་ལྟའི་བར་འགྲེམ་སྟོན་ལ་ལྟ་རུ་ཡོང་བའི་མི་གྲངས་འབུམ་གཉིས་ལྷག་ལ་བསླེབས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།