ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས2ཉིན་གྱི་ཕྱི་དྲོ་ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ1པོའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད11བར་སླེབས་སྐབས། ཧྲང་ཧའེ་ཝའེ་ཐན་དུ་ཐོན་པའི་རྡོག་བརྫིས་ཐེབས་པའི་དོན་རྐྱེན་ནང་རྨས་སྐྱོན་ཕོགས་པའི་རྨས་མ49ཁྲོད་མི18སྨན་ཁང་ནས་དོན་ཟིན་པ་དང་། མི31མུ་མཐུད་ནས་སྨན་ཁང་དུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད། དེའི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པ13དང་། རྨས་སྐྱོན་ཅུང་ཟད་ཕོགས་པ18ཡོད། སྐྱེས་པ7དང་། བུད་མེད24ཡོད་པ་རེད། རྨས་མ་ཚང་མའི་མིང་ཤེས་རྟོག་བྱས་ཟིན་པ་མ་ཟད། རྨས་མ28ཀྱི་ནང་མིའམ་ལས་རོགས། གྲོགས་པོ་བཅས་དང་འབྲེལ་བ་བྱས་ཟིན་ཡོད་པ་རེད། རྨས་སྐྱོན་ཚབས་ཆེན་ཕོག་པའི་མི13ནང་། ད་ལྟ་རྨས་མ་གསུམ་བཞི་ཙམ་སྔར་བཞིན་ཧ་ཅང་ཉེན་ཁ་ཆེ་བའི་གནས་སུ་གནས་ཡོད། ཧྲང་ཧའེ་མི་དམངས་སྨན་ཁང་དང་པོའི་འགོ་འཛིན་གཞོན་པ་ཞ་ཧྲུའུ་ཅེས། མིག་སྔར་སྨན་ཁང་དུ་ཡོད་པའི་རྨས་མ12ཁྲོད། མི་གཅིག་ཧ་ཅང་ཉེན་ཁ་ཆེན་པོ་དང་ཚབས་ལྗི་པོ་ཡོད། སྨན་པས་ནད་པ་དེར་མི་ཐབས་ལ་བརྟེན་ནས་སྙིང་དང་གློ་བའི་ནུས་པ་གསོ་བའི་སྨན་བཅོས་བྱས་ཡོད། ཡིན་ནའང་རྨས་མའི་ཚེ་སྲོག་གི་སྣང་ཚུལ་སྔར་བཞིན་བརྟན་པོ་མེད་པ་དང་། སྐྱོབ་བཅོས་ཧུར་ཐག་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད། རྨས་མ་དང་ཁྱིམ་མིའི་སེམས་ཁམས་ཐད་ཀྱི་རོགས་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་བསམ་པའི་བདེ་ཐང་ལྟེ་གནས་དང་མཐུན་སྦྱོར་བྱས་ནས་མི་བརྒྱད་ཡོད་པའི་རིག་གཅིག་མཁས་པའི་ཚོགས་ཆུང་བཙུགས་ཡོད་པ་མ་ཟད། མི40ལྷག་གཅིག་བསྡུས་བྱས་ནས་སྟབས་བསྟུན་གྲ་སྒྲིག་དཔུང་ཁག་བཙུགས་ནས། ཁག་སོ་སོར་རྨས་མ་ཡོད་སའི་སྨན་ཁང་གསུམ་དང་འབྲེལ་མཐུད་བྱས་ཡོད་པ་དང་། རྨས་མའི་སེམས་ཁམས་ལ་ཐེ་ཇུས་བྱེད་པ་མ་ཟད་བསྡད་སའི་སྨན་ཁང་གིས་དུས་གཅིག་ཏུ་རྨས་མར་སེམས་གསོ་ཡག་པོ་བྱེད་པ་དང་། སྨན་དོན་མི་སྣ་དང་དང་བླངས་པ་སྒྲིག་འཛུགས་བྱས་ནས་རྨས་མ་དང་ཁྱིམ་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ནང་ཞུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།