ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཏན་འཇགས་རྒྱུ་ནོར་ཐོ་འགོད་གནས་སྐབས་ལག་བསྟར་སྲོལ་ཡིག་ལག་བསྟར་བྱེད་གྲབས་ཡོད་པ་དང་བསྟུན་ནས་རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུས་རིམ་པ་ཁག་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་དང་ལྷག་དོན་དུ་གྲོང་ཁྱེར་དང་རྫོང་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱི་འགན་དབང་ཟླ་སྒྲིལ་བཏང་ནས་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུས་སྤྱི་ཚེས4ཉིན་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་གནས་སྐབས་ལག་བསྟར་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་ཡོངས་བསྒྲགས་བྱས་པ་དང་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་ལས་དོན་དེ་ཁྱོན་ཡོངས་ནས་འགན་དབང་ཁ་གསལ་དང་ཕན་འབྲས་སྲུང་སྐྱོབ་ནུས་ལྡན་བྱེད་པ། ཉོ་ཚོང་བདེ་འཇགས་སྲུང་སྐྱོང་། ཉོ་ཚོང་ལས་ཆོད་མཐོ་རུ་གཏོང་བཅས་ཀྱི་དུས་རིམ་ལ་སླེབས་ཡོད་པས་རིམ་པ་ཁག་གི་རྒྱལ་ཡོངས་ས་ཆའི་ཐོན་ཁུངས་དོ་དམ་སྡེ་ཁག་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྲོལ་ཡིག་ལག་བསྟར་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བྱེད་དགོས་པའི་ནན་སྟོན་བྱས་འདུག

བརྡ་ཐོའི་ནང་། རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུས་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་ཆ་འཕྲིན་ཅན་ལ་འགྱུར་བའི་འཛུགས་སྐྲུན་མཐོ་རིམ་ཇུས་བཀོད་ཀྱི་འགན་འཁུར་བྱེད་པ་དང་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱལ་ཁོངས་ས་ཆའི་ཐོན་ཁུངས་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་ཆ་འཕྲིན་སྟེགས་བུ་འཛུགས་རྒྱུ་སྒྲིག་འཛུགས་བྱས་ནས2015ལོའི་ལོ་མཇུག་ཏུ་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་བཀོལ་སྤྱོད་མ་ལག་གི་མཉེན་ཆས་དང་ཆ་འཕྲིན་སྟེགས་བུ་འབྲེལ་མཐུད་བྱེད་རྒྱུ་ལེགས་གྲུབ་ཡོང་རྒྱུ་བརྩོན་ལེན་བྱེད་པ། ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་པ་བརྒྱུད་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་རྒྱུ་བཞི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཁུངས་ཟླ་འགྲིལ་གཏོང་རྒྱུ་ལེགས་གྲུབ་ཟིན་པའི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་རིམ་པ་ཁག་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ནི་ཆ་འཕྲིན་སྟེགས་བུའི་ནང་ཚུད་པའི་སྡེ་ཁག་ཉག་ཅིག་དེ་རེད་ཅེས་ནན་སྟོན་བྱས་འདུག  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།