ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་བཞི་ཉིན། སློབ་གསོ་པུའུ་ཡིས་ཉིས་སྟོང་བཅོ་ལྔ་ལོའི་དགུན་གནང་དང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། སློབ་མར་སློབ་གྲྭ་ཕྱི་རོལ་གྱི་བདེ་འཇགས་སློབ་གསོ་གཏོང་བར་ཤུགས་བསྣན་ནས། དར་ཤུད་བྱས་ནས་ཆུ་ནང་དུ་ལྷུང་བ་དང་མི་ཚོགས་འཚང་ཁ་བརྒྱབ་ནས་རྡོག་བརྫིས་གཏོང་བ་སོགས་ཀྱི་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།

བརྡ་ཐོའི་ནང་དུ་དགུན་གནང་དང་ལོ་སར་སྐབས་སུ་རིམ་པ་སོ་སོའི་སློབ་གསོ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་རྟོག་ཞིབ་བཤེར་དང་འགན་འཁྲི་འདྲི་གཅོད་ཤུགས་ཚད་ཇེ་ཆེར་བཏང་ནས། དགུན་གནང་དང་ལོ་སར་སྐབས་ཀྱི་སློབ་གསོ་བྱ་བའི་ཕྱོགས་ཀྱི་འབུར་ཐོན་གནད་དོན་སྔོན་འགོག་དང་ཡོ་བསྲང་བྱེད་པ་དང་། ཁྲིམས་འགལ་ལུགས་འགལ་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱས་ནས་དུས་ཆེན་སྐབས་ཀྱི་རུལ་སུངས་ལ་རྦད་ཆོད་སྒོས་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། རིམ་པ་སོ་སོའི་སློབ་གསོ་ལྟ་རྟོག་མཛུབ་སྟོན་ལས་ཁུངས་ཀྱིས་དགུན་གནང་གཏོང་བའི་སྔོན་དང་སློབ་མགོ་གསར་བ་ཚུགས་པའི་སྔོན་ལ་ཆེད་དོན་ཞིབ་བཤེར་བྱེད་པ་དང་དུས་ངེས་མེད་དུ་འཐེན་ཞིབ་བྱེད་པ་སོགས་རྣམ་པ་ལ་བརྟེན་ནས་ལྟ་རྟོག་ཞིབ་བཤེར་བྱེད་དགོས། སློབ་གསོ་པུའུ་ཡི་དུས་ཚོད་ཉེར་བཞིའི་ལྟ་རྟོག་ཡར་ཞུ་ཁ་པར་དང་ལེན་ལྟེ་གནས་ཀྱིས་དགུན་གནང་དང་ལོ་སར་སྐབས་སུ་ལྟ་རྟོག་ཡར་ཞུ་བྱས་པའི་གནས་ཚུལ་སྤྱི་སྡོམ་བྱེད་པ་དང་དགེ་སློབ་དང་སྤྱི་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱེད་དགོས། དངོས་འབེབས་བྱ་བ་དུས་ལྟར་ལག་བསྟར་མ་བྱས་པས་མཇུག་འབྲས་ངན་པ་བཟོས་རྗེས། འབྲེལ་ཡོད་མགོ་ཁྲིད་པ་དང་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པར་མ་ཟད་གནས་ཚུལ་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།