ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོའི་དྲ་བའི་གསར་འགྱུར་ཞིབ་འཇུག་ལྟེ་གནས་ཀྱིས་དྲ་དམངས་ནས2014ལོར་ཀྲུང་གོའི་རྒྱལ་ནང་གི་གསར་འགྱུར་གཙོ་བོར་དོ་ཁུར་བྱེད་ཚད་ལ་གཞིགས་ནས། 2014ལོའི་རྒྱལ་ནང་གི་གསར་འགྱུར་ཆེ་ཁག་བཅུ་བདམས་ཡོད་པ་དེ་དག་ནི། དང་པོ་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོའི་བསྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་ལག་བསྟར་བྱས་པ་དེ་ཡིན་ཞིང་། དེ་ཡང2014ལོ་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། ལོ་འདིའི་ནང་། མ་འཇོག་སྒྲིག་གཞི་བསྒྱུར་བཅོས་དང་། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་སོགས་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཐད་འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད་པ་དང་། ཏང་འཛུགས་སྐྱོང་ལམ་ལུགས་བསྒྱུར་བཅོས་དང་། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་སོགས་བསྒྱུར་བཅོས་ཇུས་གཞི་ཁག་ཅིག་བརྟན་པོའི་ངང་ལག་བསྟར་བྱས་ཡོད་པ་རེད།

གཉིས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་བཏང་བ། དེའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་རྒྱུ་ཡིན་པ་རེད།

གསུམ་པ་ནི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་ཚུལ་གསར་པར་ལས་རིགས་ཁག་གིས་ཚད་མཐོའི་དོ་ཁུར་བྱས་པ་སྟེ། རྒྱུན་ཚུལ་གསར་པའི་ཁྱད་ཆོས་གཙོ་བོ་གསུམ་ནི་གཅིག་འཕར་སྣོན་མགྱོགས་མྱུར་འགྲོ་བ་ལས་འཕར་སྣོན་མྱུར་ཚད་དེ་ལས་ཅུང་ཟད་འགོར་དུ་ཕྱིན་པ་དང་། གཉིས་དཔལ་འབྱོར་གྲུབ་ཆ་ཟམ་མི་ཆད་པར་ལེགས་གྱུར་དང་རིམ་འཕར་བྱུང་བ། ཐོན་ལས་གསུམ་པའི་འཛད་སྤྱོད་དགོས་མཁོ་རིམ་བཞིན་གཙོ་གཟུགས་ལ་གྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་པ། གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་མཐོ་རུ་ཕྱིན་པ། གསུམ་ཆ་རྐྱེན་གྱི་འགུལ་ཤུགས་དང་མ་འཇོག་འགུལ་ཤུགས་ནས་གསར་གཏོད་ཀྱི་སྒུལ་ཤུགས་ལ་གྱུར་པ་བཅས་ཡིན་པ་རེད།

བཞི་པ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གལ་ཆེའི་གྲུབ་འབྲས་ཐོབ་པ། དེ་ཡང་སྤྱོད་ཚུལ་ངན་པ་བཞི་ལེགས་བཅོས་ནུས་ལྡན་ཐུབ་པ་དང་། མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ།

ལྔ་པ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཐད་སྐུལ་འདེད་ཟམ་མི་ཆད་པ་བྱུང་བ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་སུ་པུའུ་གཞོན་པ་རིམ་པ་ཡན་གྱི་འགོ་ཁྲིད་60ཁྲིམས་རྒྱར་ཚུད་ཡོད་པ་རེད། ཀྲོའུ་ཡུང་ཁང་དང་། ཞུལ་ཚའེ་ཧའུ། ལིང་ཅིས་ཧྭ། སུའུ་རུང་སོགས་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཁྲིམས་རྒྱར་ཚུད་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་བཅོས་བྱེད་པའི་འདུན་པ་བརྟན་པོ་དང་རྣམ་འགྱུར་ཁ་གསལ་མངོན་ཐུབ་པ་དང་། ཏང་སྲོལ་དང་རྒྱལ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མངོན་ཡོད་པ་རེད།

དྲུག་པ་ནི་ཀྲུང་གོས་ལེགས་གྲུབ་ལྡན་པའི་ངང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་པེ་ཅིང་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གོང་འཕེལ་ཡག་པོ་བྱུང་བ།

བདུན་པ་ནི་ཀྲུང་དབྱང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ། དེ་ཡང་དུས་སྐབས་གསར་པའི་རིག་རྩལ་ལས་དོན་གྱི་གོང་འཕེལ་ཁ་ཕྱོགས་གསལ་བཏོན་བྱས་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་ཀྱིས་མ་འོངས་པར་མདུན་སྐྱོད་བྱ་རྒྱུར་སྐུལ་མ་བཏང་བ།

བརྒྱད་པ་ནི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་ཀུ་ཐན་དུ་སྐོང་འཚོགས་བྱས་པ། ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ནས། དམག་དཔུང་གི་ཆབ་སྲིད་ལས་ཀའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་གཏན་འཁེལ་ཁ་གསལ་བྱས་པ།

དགུ་པ་ནི་སྤྱི་ཟླ12པའི་ཚེས12ཉིན་ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་པའི་དུས་མཚམས་དང་པོའི་ལས་གཞིར་དངོས་སུ་ཆུ་ཤར་གཏོང་ཐུབ་པ། ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་དུས་མཚམས་དང་པོའི་ལས་གཞིའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་1432ཡོད་པ་དང་། ཕན་པ་ཐོབ་མཁན་མི་འབོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་དང་ས་ཡ་བརྒྱད་ཟིན་པ།

བཅུ་པ་ནི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དང་རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་ཉིན་མོ་གཏན་འཁེལ་བྱས་པ། དེ་ཡང་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་མཛད་སྒོའི་ཐོག མི་ཚང་མས་ཞི་བདེར་གཅེས་འཛིན་དང་ཞི་བདེར་སྲུང་སྐྱོང་བྱེད་པ་དང་། མི་ཚང་མས་དམག་འཁྲུག་གི་སྣ་སུན་སེམས་སུ་ངེས་ཚེ། ཞི་བདེར་གཞི་ནས་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད་པ་བཅས་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།